འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་19ཉིན།

༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་བློ་བཟང་རྣམ་རྒྱལ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་19ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བློ་བཟང་རྣམ་རྒྱལ་ཡིན་པ།
འདི་ནི་བློ་བཟང་རྣམ་རྒྱལ་ཡིན་པ།
    བློ་བཟང་རྣམ་རྒྱལ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོར་སྡོད་ཀྱི་ཡོད། ཁོང་གི་དྲན་གསལ་ལ་ལོ་དྲུག་བདུན་ལ་སོན་པའི་སྐབས་ནས་ཞིང་བྲན་གྱི་བདག་པོར་ཕྱུགས་འཚོ་རོགས་དང་མེ་ཤིང་དང་ལྕི་བ་སྒྲུག་རོགས་སོགས་བྱེད་དགོས་ཀྱི་ཡོད།
    ཁྱིམ་དུ་ནང་མི་7ཡོད་ཀྱང་། ས་ཞིང་མུའུ་གཅིག་ལྷག་ཙམ་ལས་མེད། མ་ཟད་ད་དུང་ཁྲལ་ལྕི་པོ་འཇལ་དགོས་ལ་འགྲིགས་མ་འགྲིགས་ལ་ཉེས་རྡུང་གཏོང་གི་ཡོད། ཆུང་དུས་བློ་བཟང་རྣམ་རྒྱལ་གྱིས་རང་ཉིད་ཀྱི་སྤོ་བོ་ལགས་ལ་ཞིང་བྲན་བདག་པོས་ཉེས་རྡུང་ཚད་མེད་བཏང་བ་མཐོང་མྱོང་ཡོད། དེའི་དོན་ནི་སྤོ་བོ་རྔོན་རྒྱག་པར་བཏང་ནས་ཁོང་གིས་རི་དྭགས་རྔོན་མི་ཐུབ་པས་འཕྲལ་མར་དབྱུག་ལེབ་100གཞུས་རྗེས་དེ་མ་ཉིད་དུ་དྲན་པ་འཐོར་བ་དང་། ལུས་པོའི་ཐོག་གི་རྨ་ཁ་ཡང་ཉིན་མང་པོ་སོང་རྗེས་གཞི་ནས་དྲག་སྐྱེད་བྱུང་བ་རེད། “རྗེས་སུ་བཅིངས་འགྲོལ་དམག་གིས་སྤོ་བོ་ལགས་ལ་སྨན་བཅོས་བྱས་པ་རེད”ཅེས་བློ་བཟང་རྣམ་རྒྱལ་གྱིས་བཤད།
   དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ལས་དོན་ཚོགས་ཆུང་གིས་ས་ཞིང་དང་སྡོད་ཁང་བགོས་པ་དང་། བློ་བཟང་རྣམ་རྒྱལ་གྱི་ཁྱིམ་ལ་ས་ཞིང་མུའུ་12དང་། རྟ་1 ནོར་5བཅས་རག་ཡོད། བློ་བཟང་རྣམ་རྒྱལ་ལ་བྱུང་བའི་མྱོང་བ་ཟབ་ཤོས་ནི་རང་ཉིད་ལ་ཐོན་སྐྱེད་རྒྱུ་ཆ་དབང་བ་ཕུད། རང་ལུས་རང་དབང་ཐོབ་པ་དེ་རེད། “སྐད་ཆ་གང་ཤོད་འདོད་ཀྱང་བཤད་ཆོག་པ་དང་གང་བྱེད་འདོད་ཀྱང་བྱ་ཆོག་གི་ཡོད། རང་ཉིད་ཀྱི་ནོར་རང་ཉིད་ལ་དབང་བ་དང་རང་ཉིད་ཀྱིས་བཏབ་པའི་ས་ཞིང་གི་འབྲས་བུ་ཡང་རང་ཉིད་ལ་དབང་གི་ཡོད”ཅེས་བློ་བཟང་རྣམ་རྒྱལ་གྱིས་དྲན་གསོ་བྱེད་བཞིན་བདེ་སྐྱིད་ཆེན་པོས་བརྗོད།
    1961ལོར་ལོ་12ལ་སླེབས་པའི་བློ་བཟང་རྣམ་རྒྱལ་ཤང་གི་སློབ་གྲྭར་འགྲོ་འགོ་ཚུགས་པ་དང་། 1964ལོར་ཁོང་རྫོང་གྲོང་གི་སློབ་གྲྭར་རྒྱུགས་འཕྲོད། དེ་རྗེས་ཁོང་གཞི་རིམ་གྱི་ལས་བྱེད་པ་ཞིག་ཆགས་ནས་འཚར་ལོངས་དང་ཡར་རྒྱས་བྱུང་།
    ཚེ་གང་གཞི་རིམ་དུ་ལས་ཀ་བྱས་པ་དང་། ཁོང་གིས་སྤོབས་པ་ཆེ་ཤོས་བྱེད་པ་ནི་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་གང་མང་བསྒྲུབས་པ་དེ་རེད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནས་ལོ་རབས་དགུ་བཅུ་པའི་དུས་འགོར། ཁོང་རྫོང་ཞིང་འབྲོག་ཅུས་སུ་ལས་ཀ་བྱེད་མུས་ཡིན་པ་དང་། སྐབས་དེ་དུས་དགུན་གྲོ་ཁྱབ་གདལ་ལས་དོན་གྱི་གཙོ་འགན་འཁུར་གྱི་ཡོད། ཁོང་གིས་ཏང་ཡོན་སྐུལ་སློང་བྱས་ནས་སྔོན་ལ་ཚོད་འདེབས་བྱེད་དུ་བཅུག ཐག་རིང་ལུང་ཁུག་གི་གྲོང་ཚོ་ཁག་གཅིག་ལམ་ཐག་རིང་བས་ཁོང་དང་ལས་བྱེད་པ་ཚོས་རང་ཉིད་ཀྱི་མལ་ཆས་དང་ཟ་འབྲུ་འཁྱེར་བ་ལས་མང་ཚོགས་ལ་བསུན་པོ་གཏན་ནས་བཟོ་ཡི་མེད། ཁོང་ད་དུང“བོད་ནས་ཨང་320”སོགས་ནས་ཀྱི་སོན་གསར་ཁྱབ་གདལ་ལས་དོན་ལ་ཞུགས་མྱོང་བ་དང་། ཕྱིས་སུ་རྫོང་གི་མུའུ་རེའི་ནས་ཀྱི་ཐོན་འབབ་ཕྱེད་ཀ་ལྷག་ཙམ་འཕར་ཡོད་པ་རེད།
    “དེ་སྔ་ཞིང་བྲན་བདག་པོ་ནི་མིང་ཙམ་གྱི་ས་གནས་དོ་དམ་པ་རེད། འོན་ཀྱང་ཁོ་ཚོས་ཚང་མ་རང་ཉིད་ཀྱི་ཁེ་དབང་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད། བཟོས་པའི་སྲིད་ཇུས་ཀྱང་ཚང་མ་རང་ཉིད་ཀྱི་ཁྱིམ་རྒྱུད་སྟོབས་ཆེར་གཏོང་བའི་ཆེད་དུ་ཡིན་པས། ཞིང་བྲན་གྱི་ཤི་གསོན་ལ་སྣང་བ་གཏོང་མཁན་མེད། འོན་ཀྱང་གུང་ཁྲན་ཏང་གི་དཔོན་པོ་མི་སེར་གྱི་ཆེད་དུ་བྱས་པ་ཞིག་ཡིན་པས། སེམས་ལ་མི་དམངས་ལས་བསམ་རྒྱུ་མེད”ཅེས་བློ་བཟང་རྣམ་རྒྱལ་གྱིས་མྱོང་བ་ཟབ་མོས་བཤད།
འདི་ནི་བློ་བཟང་རྣམ་རྒྱལ(གཡོན་གྱི་གཉིས་པ)དང་ནང་མིའི་འདྲ་པར་ཡིན་པ།
འདི་ནི་བློ་བཟང་རྣམ་རྒྱལ(གཡོན་གྱི་གཉིས་པ)དང་ནང་མིའི་འདྲ་པར་ཡིན་པ།