འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་17ཉིན།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་
ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གནང་བའི་གསུང་བཤད་བཀོད་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་17ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་དཔེ་སྐྲུན་བྱས་པའི་《བདེན་འཚོལ》དུས་དེབ་འདོན་ཐེངས་8པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད》བཀོད་ཡོད་པ་རེད།
   གསུང་རྩོམ་ནང་ནན་བཤད་བྱས་དོན། ཀྲུང་གོར་གུང་ཁྲན་ཏང་འཁྲུངས་པ་ནི་འཇིག་རྟེན་གསར་སྐྲུན་གྱི་དུས་འགྱུར་ཆེན་པོ་ཞིག་ཡིན། འཇིག་རྟེན་གསར་སྐྲུན་གྱི་དུས་འགྱུར་ཆེན་པོ་དེ་ནས་བཟུང་། ཉེ་རབས་རྗེས་ཀྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་ཟབ་མོ་བྱུང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་ཟབ་མོ་བྱུང་བ། འཛམ་གླིང་འཕེལ་རྒྱས་འགྲོ་ཚུལ་དང་དེའི་རྣམ་པར་འགྱུར་ལྡོག་ཟབ་མོ་བྱུང་ཡོད། ང་ཚོས་ཏང་འཛུགས་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་འབད་འཐབ་ཀྱི་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་དང་། མི་དམངས་ལ་བློ་དཀར་སེམས་དཀར་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།
   གསུང་རྩོམ་ནང་བསྟན་དོན། ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཀའ་ངལ་མང་པོ་ཡང་ནས་ཡང་དུ་ཁྱད་བསད་བྱས་པ་དང་རྒྱལ་ཁ་མང་པོ་ཡང་ནས་ཡང་དུ་བླངས་ཏེ་ཀྲུང་ཧྭ་མི་རིགས་ཆེད་རླབས་ཆེན་གྱི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་བ་དང་། ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་གི་བཀས་བཀོད་རྒྱུད་འཛིན་གྱི་སྒེར་གཅོད་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་བ། ཀྲུང་ཧྭ་མི་རིགས་འདི་ཉིད་ཉམས་རྒུད་ཟམ་མི་ཆད་པར་འགྲོ་བ་ནས་ལས་དབང་ལ་རྩ་བའི་འགྱུར་ལྡོག་བྱུང་བ་དང་རྒྱུན་
མཐུད་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་བསྐྱོད་པའི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་བ། ཀྲུང་གོའི་མི་དམངས་ཡར་ལངས་པ་ནས། ཕྱུག་པོ་ཆགས་པ་དང་སྟོབས་ཆེར་གྱུར་པའི་བར་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་འགོ་ཁྲིད་བྱ་རྒྱུར་གདམ་ག་བྱས་པ་དེ་ནི་ཡང་དག་པ་ཞིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་གསར་གཏོད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཡང་དག་པ་ཞིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་བ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་བསྡུ་ལེན་བྱེད་པ། རང་བཙན་རང་བདག་གིས་རྒྱལ་ཁབ་གོང་འཕེལ་གཏོང་བའི་འཐབ་ཇུས་མངོན་འགྱུར་བྱེད་པ་བཅས་ནི་ཡང་དག་པ་ཞིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་།
   གསུང་རྩོམ་ནང་ནན་བཤད་བྱས་དོན། ད་ཆ། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་དང་ཐག་ཉེ་བ་དང་། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་དམིགས་ཚད་དེ་མངོན་འགྱུར་ཐུབ་རྒྱུར་ཡིད་ཆེས་དང་ནུས་པ་ལྡན་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་ངེས་པར་དུ་མངོན་འགྱུར་བྱ་དགོས་ལ་མངོན་འགྱུར་བྱེད་ཐུབ་ངེས་ཀྱང་རེད་ཅེས་བཤད་ཆོག