འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།ཀྲུང་གོས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་གཉིས་པ་དབྱི་རག་ལ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པ་ཀ་ཏ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྲིད་གཞུང་གིས་དབྱི་རག་ལ་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་གཉིས་པ་དེ་ཚེས་11ཉིན་རྒྱལ་ས་པ་ཀ་ཏར་འབྱོར་བ་རེད། དབྱི་རག་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཐའོ་དང་། དབྱི་རག་འཕྲོད་བསྟེན་པུའི་པུའུ་ཀྲང་ཧ་སང·ཐ་སྨི་སྨི་སོགས་པ་ཀ་ཏ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་ནས་ཏོག་གསར་རིམས་འགོག་སྨན་ཁབ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
    ཀྲང་ཐའོ་ཡིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ཀྲུང་གོ་དང་དབྱི་རག་ནི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན། རྒྱལ་ཁབ་གཉིས་པོས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་ལྟ་རེས་སྐྱོང་རེས་དང་དུས་ངལ་མཉམ་སེལ་བྱས་ཡོད་ཅེས་བརྗོད་པ་རེད།
   ཐ་སྨི་སྨི་ཡིས་དབྱི་རག་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོས་རིམས་འགོག་སྨན་ཁབ་སླར་ཡང་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་དབྱི་རག་ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་དང་པོ་དེ་ཡིན། རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་དུས་ཁག་གསར་པ་དེས་དབྱི་རག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པས། འཕྲོད་བསྟེན་པུས་རིམས་འགོག་སྨན་ཁབ་དྲང་གཞག་ངང་ཞིང་ཆེན་ཁག་ལ་བགོ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།