འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།ས་ཆ་མང་པོར་གཉེན་སྲོལ་སྒྱུར་བཅོས་ཚོད་ལྟ་ཁུལ་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་12ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། དམངས་སྲིད་པུའུ་གཞུང་ཕྱོགས་དྲ་བའི་ཐོག《དམངས་སྲིད་པུའུ་ཡིས་ཧོ་པེ་ཞིང་ཆེན་ཧོ་ཅན་གྲོང་ཁྱེར་སོགས་རྒྱལ་ཡོངས་གཉེན་སྒྲིག་ལུགས་སྲོལ་སྒྱུར་བཅོས་ཚོད་ལྟ་ཁུལ་ལ་གཏན་འཁེལ་བྱེད་པར་མོས་མཐུན་བྱས་པའི་བཀའ་མཆན》(གཤམ་དུ་བསྡུས་མིང་ལ་“《བཀའ་མཆན》འབྲི་རྒྱུ”)སྤེལ་བ་རེད།
   《བཀའ་མཆན》ནང་། ས་གནས་ཀྱིས་རེ་ཞུ་དང་། ཡུལ་དངོས་སུ་རྟོག་ཞིབ། ཕྱོགས་བསྡུས་དཔྱད་དཔོག་སོགས་ཀྱི་ལས་དོན་བསྒྲུབས་པར་བརྟེན། ཧོ་པེ་ཞིང་ཆེན་ཧོ་ཅན་གྲོང་ཁྱེར་དང་། ནང་སོགས་རང་སྐྱོང་ལྗོངས་པའོ་ཐུའུ་གྲོང་ཁྱེར་ཆིང་ཧྲན་ཁུལ། ཝུའུ་ལན་ཚ་པུའུ་གྲོང་ཁྱེར་ཅི་ཉིང་ཁུལ། ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཧོང་ཀུའུ་ཁུལ། ཅི་ལིན་ཞིང་ཆེན་ཡུང་ཅི་རྫོང་། ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་ནན་ཀང་ཁུལ། ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ཅན་ཡེ་ཁུལ། ཏུང་ཐའེ་གྲོང་ཁྱེར། ཧོ་ནན་ཞིང་ཆེན་ཁའེ་ཧྥེང་གྲོང་ཁྱེར་ཡུའུ་ཝང་ཐའེ་ཁུལ། ཉིང་ལིན་རྫོང་། ཧུའུ་ནན་ཞིང་ཆེན་ལི་རྫོང་། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར་ཏཱ་ཙུའུ་ཁུལ། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོ་ཁུལ། ཧྲའན་ཞི་ཞིང་ཆེན་པའོ་ཅི་གྲོང་ཁྱེར་ཅིན་ཐའེ་ཁུལ་སོགས་རྒྱལ་ཡོངས་གཉེན་སྒྲིག་ལུགས་སྲོལ་སྒྱུར་བཅོས་ཚོད་ལྟ་ཁུལ་དུ་བཀོད་པ་དང་། ཚོད་ལྟའི་དུས་ཡུན་ལོ་གསུམ་ཡིན།
    གོང་དུ་བརྗོད་པའི་ཚོད་ལྟ་ཁུལ་དུ་གཉེན་སྒྲིག་ལུགས་སྲོལ་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་བརྗོད་གཞིར་བཟུང་ནས། འབད་པ་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པ་དང་། ཤུགས་ཆེན་པོས་གཉེན་སྒྲིག་ལུགས་སྲོལ་ཁྱབ་ཁོངས་ཀྱི་གོམས་སྲོལ་སྒྱུར་བ། ཀྲུང་ཧྭའི་ཕུལ་བྱུང་གཉེན་སྒྲིག་དང་ཁྱིམ་ཚང་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤྱི་ཚོགས་ཡོངས་སུ་ཡང་དག་པའི་གཉེན་སྒྲིག་དང་ཁྱིམ་ཚང་གི་ལྟ་བའི་ཁ་ཕྱོགས་སྣེ་ཁྲིད་བྱས་ནས། གཉེན་སྒྲིག་ལུགས་སྲོལ་ཡང་དག་མ་ཡིན་པ་དག་འགོག་པ་དང་། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་གྱི་ཚད་དང་མང་ཚོགས་ཀྱི་བསམ་བློའི་རྣམ་པ་ཇེ་མཐོར་གཏོང་བར་བརྒྱུད། གཉེན་སྒྲིག་ལུགས་སྲོལ་སྒྱུར་བཅོས་ལ་གསོན་ཉམས་ལྡན་པའི་མ་དཔེ་གསར་པ་ཞིག་མཁོ་འདོན་བྱེད་དགོས།
   འབྲེལ་ཡོད་ཞིང་ཆེན་རིམ་པའི་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་ཚོད་ལྟ་ཁུལ་གྱི་ལས་དོན་སྐུལ་འདེད་ལ་དོ་ཁུར་ནན་མོ་བྱས་ནས། སྲིད་ཇུས་ཀྱི་སྣེ་ཁྲིད་ཤུགས་ཇེ་ཆེར་གཏོང་བ་དང་། ཆ་འཕྲིན་འབྲེལ་བ་ཤུགས་ཆེར་གཏོང་བ། གོ་ཆོད་མིན་ལ་རྗེས་སྙེག་འདྲི་ཞིབ་ཤུགས་ཆེར་གཏོང་བ། ལས་དོན་གོ་རིམ་དང་ལྡན་པར་སྐུལ་འདེད་གཏོང་བར་འགན་ལེན་བཅས་བྱེད་དགོས།