འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།འགོག་ཁབ་བཙན་ཤེད་ཀྱིས་རྒྱག་འཇུག་རིགས་ཡོ་བསྲང་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་12ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འགོག་ཁབ་བཙན་ཤེད་ཀྱིས་རྒྱག་འཇུག་རིགས་ཡོ་བསྲང་བྱེད་དགོས།
   མི་དམངས་དྲ་བའི་འཕྲིན། ཚེས་10ཉིན་གྱི་ཆུ་ཚོད་24བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་ཐེངས་ཁྲི་16447.1བརྒྱབ་ཟིན་ཡོད།
ཉེ་ཆར། ས་ཆ་ཁ་ཤས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་པའི་ལས་ཀའི་ནང་ལས་སླ་མོ་ཅན་དང་། ཐ་ན་“གཅིག་འདྲ”ཡོང་བ་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། དེའི་ཐད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མི་ཡོངས་ལ་འགོག་ཁབ་བཙན་ཤེད་ཀྱིས་རྒྱག་ཏུ་འཇུག་སྟངས་བྱུང་རིགས་ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན། 
   ཏོག་གསར་གློ་ཚད་ནད་དུག་གསོན་བསད་འགོག་ཁབ་2པ་རྒྱག་པའི་དུས་ཀྱི་བར་ཆོད་གནད་དོན་ལ་དམིགས་ནས། འགོག་ཁབ་2པ་རྒྱག་པའི་དུས་ཀྱི་བར་ཆོད་ནི་གཟའ་འཁོར་3གྱི་ནང་ཚུན་ནམ་ཡང་ན་དེ་ལས་རིང་བའི་དུས་ཚོད་ནང་རྒྱག་དགོས་པ་དང་། འགོག་ཁབ་2པ་དེ་གཟའ་འཁོར་8ནང་རྒྱག་ཐུབ་པ་བྱེད་དགོས།
   འགོག་ཁབ་ཐོན་རྫས་མི་འདྲ་བ་བརྗེ་རེས་ཀྱིས་རྒྱག་ཆོག་མིན་གྱི་གནད་དོན་ཐད། འགོག་ཁབ་ཐོན་རྫས་རིགས་གཅིག་བརྒྱབ་པའི་ཐོག་ནས་འགོག་ཁབ་བརྒྱབ་ཟིན་དགོས་པའི་གྲོས་འགོ་བཏོན་ཡོད། གལ་ཏེ་འགོག་ཁབ་དང་ལེན་བྱེད་མཁན་གྱིས་ས་ཆ་གཞན་ནས་འགོག་ཁབ་རྒྱག་དགོས་པའི་གནས་ཚུལ་དམིགས་བསལ་ཅན་བྱུང་བས་འགོག་ཁབ་ཐོན་རྫས་རིགས་གཅིག་བརྒྱབ་མི་ཐུབ་ན། རིགས་གཅིག་ཡིན་པའི་ཐོན་སྐྱེད་སྡེ་ཚན་གཞན་དག་གི་འགོག་ཁབ་ཐོན་རྫས་བརྒྱབ་ཆོག