འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་9ཉིན།

༄༅།།ཨ་རིའི་སྨྱན་སྦྱོར་དག་ཐེངས་འདིར་ཁུ་སིམ་མེར་སྡོད་དོན་ཅི་ཡིན་པ་དྲིས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་09ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཐུའེ་ཐེ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་སྙན་ཞུ་བྱེད་མཁན་3གྱིས། ཉེ་ཆར་ཨ་རིའི་སྲིད་གཞུང་ལ་སྤྲིངས་པའི་མཉམ་འབྲེལ་སྐྱོན་འདོན་ཞུ་གཏུག་བསྐུར་ཡོད་པ་དེ་སྤེལ་ཡོད།
   སྐྱོན་འདོན་ཞུ་གཏུག་དེར་ཨ་རི་སྲིད་གཞུང་དང་དམག་ཕྱོགས་ཀྱིས་བསྟུད་མར་ཀོང་ཏའོ་ཁྲ་མོ་ལོའི་ཡུལ་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད་པར་སྐྱོན་འཛུགས་བྱས་པ་དང་། ཁྲ་མོ་ལའོ་མི་དམངས་དང་གྲོས་མཐུན་འཐུས་ཚང་བྱས་མེད་པའི་གནས་ཚུལ་འོག་ཀོང་ཏའོ་རུ་དམག་དོན་སྒྲིག་འཛུགས་དམ་པོ་བྱེད་པ་དང་། དེ་བཞིན་དུ་དེ་བསྟུན་གྱི་ཡུལ་མིའི་ས་ཞིང་དང་ཐོན་ཁུངས། ཁོར་ཡུག རིག་གནས་ཁེ་དབང་ལ་འཇིགས་སྐུལ་ཐེབས་པར་དོ་ཁུར་ནན་མོ་བྱས་ཡོད་པ་བསྟན།
    ཧྭ་ཁྲུན་ཡིང་གིས་ཐེའུ་ཐེ་ཐོག “ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་གནད་དོན་ལ་དགའ་ཞེན་ཧ་ཅང་ཡོད་པའི་ཨ་རིའི་སྨན་སྦྱོར་གཙོ་བོ་དག འདིའི་ཐད་ལ་ཐུན་མོང་ཐོག་ཁུ་སུམ་མེར་གནས་ཡོད། གལ་ཏེ་འཕྲིན་ཡིག་འདི་ནི་ཨ་རི་སྲིད་གཞུང་ལ་བསྐུར་བ་མིན་པར་ཀྲུང་གོ་ལ་བསྐུར་བ་ཞིག་ཡིན་ན། གལ་ཏེ་ཀོང་ཏའོ་ལ་བྲིས་པ་མིན་པར་ཞིན་ཅང་ལ་བྲིས་པ་ཞིག་ཡིན་ན། གནས་ཚུལ་གང་ཞིག་འབྱུང་རྒྱུ་རེད་དམ།”ཞེས་བཀོད་ཡོད།