འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་9ཉིན།

༄༅།།རང་རྒྱལ་གྱིས་སྒོ་བསྟེན་འགྲོ་གྲོན་དེ་བས་མང་བ་སྨན་བཅོས་འགན་གྱི་བཅོལ་རྩིས་ཞུ་ནང་བསྡུ་རྒྱུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་09ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བཀོད་སྒྲིག་བྱས་པ་སྟེ། ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་རོགས་རེས་མཉམ་ཕན་གྱི་འགན་ལེན་ནུས་པ་ཆེ་རུ་བཏང་སྟེ་སྒོ་བསྟེན་འགྲོ་གྲོན་དེ་བས་མང་བ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་ནང་བསྡུས་ནས་ནད་པའི་ཁུར་པོ་སྔར་བས་ཡང་དུ་གཏོང་རྒྱུ་རེད།
    མིག་སྔར། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་དང་མི་འབོར་དུང་ཕྱུར་10ལྷག་ལ་ཕན་པ་ཐོབ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་དྲ་བ་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། སྨན་བཅོས་སྒྱུར་བཅོས་བྱེད་ཐེངས་གསར་པའི་ནང་ནད་པ་མང་པོ་དང་འབྲེལ་བ་ཡོད་པའི་ཁྲག་ཤེད་མཐོ་བ་དང་། གཅིན་པ་མངར་འགྱུར་ནད་སོགས་སྒོ་བསྟེན་སྨན་ཁང་གི་གཅོང་ནད་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་ནང་བསྡུ་རྒྱུ་ཡིན་ཞིང་། དེས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་གྱི་རེད།
   ནད་པའི་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། ཚོགས་འདུའི་ཐོག་བདེ་ཐང་ལ་གནོད་འཚེ་ཆེ་བ་དང་འགྲོ་གྲོན་གྱི་ཁུར་པོ་ལྕི་བའི་སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་། ནད་ཕོག་ཚད་མང་བ། རྒྱུན་མཐོང་ནད་རིགས་བཅས་ཀྱི་སྒོ་བསྟེན་འགྲོ་གྲོན་ཁག་ཅིག་རིམ་བཞིན་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཁོངས་སུ་བསྡུ་རྒྱུ་ཡིན་པ་བཏོན་ཡོད། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་གཏོང་སྤྲོད་བསྡུར་ཚད་དེ་50%ནས་རྩིས་རྒྱུ་དང་། ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་གཟིགས་སྐྱོང་འོས་འཚམ་བྱ་རྒྱུ། འགན་ལེན་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ་རེད།
   གཞན་ཡང་། ཚོགས་འདུའི་ཐོག་མི་སྒེར་གྱི་རྩིས་ཐོའི་རྩིས་འཇུག་བྱ་ཐབས་ལེགས་སུ་གཏོང་རྒྱུ་ཁ་གསལ་བྱུང་བ་སྟེ། ལས་ཐོག་ལས་བཟོ་མི་སྒེར་གྱིས་གྲོན་དངུལ་འཇལ་རྒྱུ་དེ་སྔར་བཞིན་མི་སྒེར་གྱི་རྩིས་ཁྲའི་ནང་འཇུག་རྒྱུ་དང་། ལས་ཁུངས་ཀྱི་གྲོན་དངུལ་འཇལ་རྒྱུ་ཚང་མ་གཅིག་གྱུར་འཆར་འགོད་ཐེབས་རྩའི་ནང་བརྩི་རྒྱུ་རེད། ལས་འཁྱུར་ངལ་གསོའི་མི་སྣ་སྒེར་གྱི་རྩིས་ཁྲ་དེ་གཅིག་གྱུར་འཆར་འགོད་ཐེབས་རྩ་ནས་བཅད་གྲངས་ལྟར་གཏོང་སྤྲོད་བྱ་རྒྱུ་སྟེ། གཏོང་སྤྲོད་བྱེད་གྲངས་དེ་གཅིག་གྱུར་འཆར་འགོད་ས་ཁུལ་གྱིས་བསྒྱུར་བཅོས་འདི་ལག་བསྟར་བྱེད་པའི་ལོ་དེའི་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཆ་སྙོམས་ཆུ་ཚད་ཀྱི་%2ཡས་མས་སུ་རིམ་བཞིན་ལེགས་སྒྲིག་བྱ་རྒྱུ་རེད།
   སྒེར་གྱི་རྩིས་ཁྲའི་བརྩི་འཇུག་བྱ་ཐབས་ལེགས་བཅོས་བྱེད་པ་དང་དུས་མཚུངས། ཚོགས་འདུའི་ཐོག་མི་སྒེར་གྱི་རྩིས་ཐོ་སྤྱོད་རྒྱ་ཆེ་རུ་བཏང་སྟེ་ཁྱིམ་མིའི་བར་མཉམ་ཕནརོགས་རེས་བྱས་ནས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་དུས་སྤྱོད་ཆོག་པ་དང་དེ་བཞིན་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཁང་ནས་སྨན་དང་། སྨན་བཅོས་ཡོ་བྱད། སྨན་སྤྱོད་ཟད་གྲོན་རྒྱུ་ཆ་བཅས་ཉོ་དུས་མི་སྒེར་གྱིས་འགྲོ་གྲོན་གཏོང་རྒྱུར་སྤྱོད་ཆོག་པ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སོགས་ནང་ཞུགས་པའི་ཁྱིམ་ཚང་གི་མི་སྒེར་གྱི་གྲོན་དངུལ་འཇལ་རྒྱུར་སྤྱོད་རྒྱུ་འཚོལ་ཞིབ་བྱ་རྒྱུ་རེད།
   རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་བསྟན་དོན། སྒོ་བསྟེན་གྱི་རོགས་རེས་མཉམ་ཕན་འགན་ལེན་ལམ་སྲོལ་ནི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་སྒྱུར་བཅོས་གལ་ཆེན་ཞིག་ཡིན་ཞིང་། ཐེབས་རྩའི་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད་འགན་ལེན་ཕན་ནུས་ཆེ་རུ་བཏང་བ་དང་སྒོ་བསྟེན་གྱི་འགན་ལེན་ཞན་ཆ་གསབ་ནས།ལས་བཟོ་པ་དེ་བས་མང་བར་ཕན་པ་འཐོབ་ཐུབ་ཀྱི་རེད། དུས་མཚུངས་སུ་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་གཅིག་གྱུར་འཆར་འགོད་བྱ་བ་དང་ལས་བཟོ་པའི་སྨན་བཅོས་འགན་བཅོལ་སྒྱུར་བཅོས་ཀྱི་མི་སྒེར་གྱི་ཐོ་ཁུངས་འཛུགས་པའི་ལས་དོན་ཁག་གཉིས་ལ་སྐུལ་འདེད་བཏང་སྟེ། གཅིག་གྱུར་མཉམ་འགུལ་དང་བརྟན་པོའི་ངང་བར་བརྒལ་བྱས་ནས་མང་ཚོགས་ལ་ཕན་ཁེ་ཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས།