འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་8ཉིན།

༄༅།།རྫ་ཆུའི་འབྱུང་ཁུལ་ནས་གསའ་མཐོང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་08ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྫ་ཆུའི་འབྱུང་ཁུལ་ནས་གསའ་མཐོང་བ།
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན། གསར་འགོད་པས་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འབྱུང་ཁུལ་རྣམ་སྲས་ཞང་དོ་དམ་སྲུང་སྐྱོང་ས་ཚུགས་ནས་ཤེས་རྟོགས་བྱུང་གསལ། ས་ཚུགས་དེའི་འགོ་ཁྲིད་གཞོན་པ་བསོད་ནམས་བསྟན་འཛིན་དང་སྣོད་བཅུད་ཉམས་ལེན་པ་ཀྲང་རོང་ཀྲི་གཉིས་ཀྱིས་ཉེ་ཆར་རྒྱལ་སྤྱིའི་ཆུ་བོ་རྫ་ཆུའི་འབྱུང་ཁུལ་ནས་རྩ་ཆེའི་སྲོག་ཆགས་གསའ་ཡིས་ཆུ་བོ་བརྒལ་བའི་པར་རིས་ཚོགས་གཅིག་བླངས་ཡོད། གསའ་ལ་“རི་མཐོའི་སྣོད་བཅུད་མ་ལག་བདེ་ཐང་ཡིན་མིན་གྱི་རླུང་གནོན་འཕྲུལ་ཆས”ཞེས་འབོད་སྲོལ་ཡོད་ཅིང་དང་། དེ་ནི་རྒྱལ་ཁབ་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་དང་། སྣོད་བཅུད་མ་ལག་ཡོངས་ཀྱི་ལྟེ་བའི་སྲོག་ཆགས་བཅས་རེད། རྫ་ཆུའི་འབྱུང་ཁུལ་ནི་ཀྲུང་གོའི་གསའ་ཡི་འཚོ་གནས་བྱེད་ས་གཙོ་བོ་རེད།
【1】  【2】
༄༅།།རྫ་ཆུའི་འབྱུང་ཁུལ་ནས་གསའ་མཐོང་བ།