འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་8ཉིན།

༄༅།།འཕྲུལ་སྒུལ་འཁོར་ལོ་གཏོང་མཁན་དུང་ཕྱུར་4.63ཡོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་08ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའུ་ཡིས་སྡོམ་རྩིས་བྱས་པར་གཞིགས་ན། 2021ལོའི་ཟླ་3པའི་བར། རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཁ་གྲངས་དུང་ཕྱུར་3.78ཡོད་ཅིང་། དེའི་ཁྲོད་དུ་རླངས་འཁོར་དུང་ཕྱུར་2.87ཡོད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དུང་ཕྱུར་4.63ཡོད། དེའི་ཁྲོད་དུ་རླངས་འཁོར་ཁ་ལོ་བ་དུང་ཕྱུར་4.25ཡོད།
ཟླ་3པའི་བར། རྒྱལ་ཡོངས་སུ་རླངས་འཁོར་འབོར་གྲངས་ཁྲི་100བརྒལ་བའི་གྲོང་ཁྱེར་ཁྱོན་བསྡོམས72ཡོད་ཅིང་། ན་ནིང་ལོའི་དུས་མཉམ་དང་བསྡུར་ན་རླངས་འཁོར་5མང་ཡོད། དེའི་ཁྲོད་དུ། རླངས་འཁོར་འབོར་གྲངས་ཁྲི་200བརྒལ་ཡོད་པའི་གྲོང་ཁྱེར་33ཡོད་པ་དང་། ཁྲི་300བརྒལ་ཡོད་པའི་གྲོང་ཁྱེར་16ཡོད།
ཟླ་3པའི་བར། རྒྱལ་ཡོངས་སུ་འགྲིམ་འགྲུལ་རླངས་འཁོར་ཁ་གྲངས་དུང་ཕྱུར་2.48ཡོད། དེའི་ཁྲོད་དུ་མི་སྒེར་གྱི་མིང་ཐོག་ནས་ཐོ་བཀོད་པའི་འགྲིམ་འགྲུལ་རླངས་འཁོར་ཆུང་གྲས་(སྒེར་འཁོར་)དུང་ཕྱུར་2.29ཟིན་ཡོད།
ཉེ་ཆར། སྤྱི་བདེ་པུའུ་ཡིས་མ་ཟིན་བཀོད་པའི་《བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས(བཟོ་བཅོས་རྒྱག་རྒྱུའི་གྲོས་འཆར་མ་ཟིན)》ཐད་ལ་སྤྱི་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཡོད།