འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་6ཉིན།

༄༅།།མཚོ་སྔོན་པོའི་ངོགས་སུ་རྟ་རྒྱུག་འགྲན་བསྡུར་གཉེར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་06ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཅེ་དང་ལན་ཞང་།
   ཟླ་3ཚེས་30ཉིན་མཚོ་སྔོན་པོའི་དར་ཁ་རིམ་གྱིས་ཞིག་ནས་སྔོ་ཐིང་ཐིང་གི་མཚོ་མོ་དང་དཀར་གཙང་གི་འཁྱགས་ངོས་གཅིག་ཏུ་འདྲེས་ཡོད། མཚོ་ངོགས་ཀྱི་དར་ཁ་རྦད་དེ་ཞིག་མེད་རུང་། གནམ་གཤིས་དྲོ་རུ་ཕྱིན་པ་དང་སྦྲགས་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་འབྲོག་པ་ཚོའི་རྟ་མཆོག་ལྕག་གིས་སྐུལ་བའི་འདུན་པ་ཇེ་ཆེར་ཕྱིན་ཡོད།
   “ལོ་ལྟར་མཚོ་སྔོན་པོའི་མཚོ་རྒྱ་མ་གློད་གོང་། ང་ཚོས་མཚོ་ངོགས་སུ་རྟ་རྒྱུག་འགྲན་བསྡུར་ཞིག་གཉེར་ནས་བདེ་སྐྱིད་དུས་བདེ་དང་ཆར་ཆུ་དུས་ལ་འབབ་པའི་སྨོན་ལམ་འདེབས་ཀྱི་ཡོད”ཅེས་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་གྲོང་ཚོའི་འབྲོག་པ་དོན་གྲུབ་ཀྱིས་བརྗོད། ཁོང་གིས“ན་ནིང་ང་རང་དེ་གར་འགྲན་བསྡུར་ལ་ཞུགས་པ་ཡིན། ད་ཆ་ཉམས་མྱོང་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་པས་ཨང་དང་པོ་འཐོབ་པའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་བརྗོད།
   འགྲན་རར་རྟ་པ་དེ་བས་མང་དུ་ཕྱིན་ནས་ཚང་མས་འགྲན་བསྡུར་གྱི་མཐའ་མའི་གྲ་སྒྲིག་བྱེད་པ་དང་། བསོད་ནམས་དར་རྒྱས་ཀྱི་རྟ་འདི་ལོ་ལོ་8ལ་སླེབས་ནས་དར་མའི་དུས་ཡིན་པས་འགྲན་བསྡུར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི“དམག་རྟ”ཞིག་རེད།
   ཁོ་པའི་རྟའི་སྒལ་པར་ཨང་ཀི“1376”བཀོད་པའི་སྒལ་གདན་བཏིང་ཡོད། བསོད་ནམས་དར་རྒྱས་ཀྱིས་འགྲེལ་བཤད་རྒྱག་བཞིན“ཨང་ཀི་འདིས་བོད་སྐད་ནང་ཅི་བསམ་དོན་གྲུབ་ཀྱི་དོན་མཚོན་གྱི་ཡོད་པས་ངས་དེ་རིང་གྲུབ་འབྲས་ཡག་པོ་ཞིག་འཐོབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
   ངོ་སྤྲོད་བྱས་པར་གཞིགས་ན། དྲང་གཞག་འགན་ལེན་བྱ་ཆེད་རྟ་རྒྱུག་འགྲན་བསྡུར་གྱིས་ལོ་གྲངས་དང་རིགས་མི་འདྲ་བ་གཞིར་བཟུང་རྟ་པར་ཚོགས་ཆུང་བགོས་ནས་རྟ་རྒྱུག་དང་རྟ་འགྲོས་ཀྱི་འགྲན་བསྡུར་ཁག་གཉིས་ཡོད་པ་རེད།
   འགྲན་བསྡུར་ལ་ལྟ་མཁན་མང་ཚོགས་ཀྱི་ཤུགས་རྒྱོབ་ཅེས་པའི་སྒྲ་དང་བསྟུན་ནས་སྲབ་ནས་དམ་པོར་བཟུང་བའི་བསོད་ནམས་དར་རྒྱས་རྒྱུགས་མཐའི་ཐིག་ཏུ་འབྱོར་ནས་རྟ་འགྲོས་འགྲན་བསྡུར་གྱི་ཨང་གསུམ་པ་བླངས་འཕྲལ། གཞོགས་སུ་བསྒུགས་ནས་སྡོད་མཁན་སྤུན་ཉེ་ཚོས་འཕྲལ་དུ་མདུན་དུ་བསྐྱོད་ནས་ཁོང་ལ་ཁ་བཏགས་གཡོགས་པ་རེད།
   ས་རིམ་གྱིས་རུབ་ནས་འགྲན་བསྡུར་ཡང་མཇུག་འགྲིལ་རུང་། རྟ་པ་ཚོས་དེ་ག་ནས་འབྲལ་མི་ཕོད་པར་ས་སྟེང་དུ་བསྡད་ནས་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་གླུ་བླངས་ཏེ་དགའ་བདེའི་དཔལ་ལ་རོལ།
   “རྟ་རྒྱུག་འགྲན་བསྡུར་ལ་ཞུགས་པ་ནི་འགྲན་བསྡུར་ལ་རྒྱལ་ཁ་ལེན་ཆེད་ཙམ་མིན་པར། ང་ཚོ་དང་སྤུན་ཉེ་གྲོགས་པོ་མཉམ་འཛོམས་བྱེད་པའི་འདུ་ཚོགས་གཟབ་རྒྱས་ཤིག་རེད། དེ་ནི་བོད་རིགས་མི་དམངས་ཀྱིས་ནམ་ཡང་འདོར་ཐབས་འབྲལ་བའི་བརྩེ་སེམས་ཤིག་རེད”ཅེས་བསོད་ནམས་དར་རྒྱས་ཀྱིས་བརྗོད།