འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་31ཉིན།

༄༅།།ནད་དུག་འབྱུང་ཁུངས་རྩད་གཅོད་སྙན་ཞུ་བསྒྲགས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་31ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་གསར་ནད་དུག་འབྱུང་ཁུངས་རྩད་གཅོད་མཉམ་འབྲེལ་ཞིབ་འཇུག་སྙན་ཞུ་ཚེས་30ཉིན་ཇེ་ནེ་ཝར་ནས་ཁྱབ་བསྒྲགས་བྱས་པ་དང་། སྙན་ཞུའི་ནང་དུ། ཏོག་གསར་གློ་ཚད་ནག་དུག་ནི་ཚོད་ལྟ་ཁང་ནས་མིའི་རིགས་ལ་འགོས་པ“རྩ་བ་ནས་ཡིན་མི་སྲིད་”ཅིང་། བར་ལམ་གནས་བདག་བརྒྱུད་ནས་མི་ལ་འགོས་པ་ནི“ཅུང་ཡིན་ངེས་པ་”ནས“ཡིན་ཤས་ཆེ་བར”གྱུར་བ་དང་། ཐད་ཀར་སྲོག་ཆགས་ནས་མི་ལ་འགོས་པ་ནི་“ཡིན་ངེས”པའམ་“ཕལ་ཆེར་ཡིན་ངེས་པ”ཡིན་ལ།  འཁྱགས་ཕྲེང་གི་ཟས་རིགས་བརྒྱུད་ནས་མི་ལ་འགོས་པའང“ཡིན་ངེས”པའང་བརྗོད་ཡོད།
    སྙན་ཞུའི་ནང་དུ། རིགས་གཅིག་མཁས་པ་ཚོ་ཆུང་གིས་རྒྱལ་ཁབ་མི་འདྲ་བས་སྤེལ་བའི་ཏོག་གསར་གློ་ཚད་རིམས་ནད་དུས་སྔ་མར་མཆེད་པའི་ཐད་ཀྱི་ཞིབ་འཇུག་ཞིབ་ཀློག་བྱས་ཡོད་ཅིང་། ཞིབ་འཇུག་འདི་དག་ལས་ཏོག་གསར་ནད་དུག་གདགས་གཤིས་མ་དཔེ་ནི་ཆེས་ཐོག་མའི་ནད་དཔེ་ལས་གཟའ་འཁོར་ཁ་ཤས་ཀྱིས་སྔ་བ་ཡོད་ཅིང་། དཔེ་གཞི་འགའ་རེ་ཐ་ན་ཝུའུ་ཧན་ནས་ཐོག་མར་རྙེད་པའི་ནད་གཞི་ལས་སྔ། དེས་རྒྱལ་ཁབ་གཞན་དག་དུ་ནད་དུག་མཆེད་ཡོད་པའི་ངེས་པ་ཡོད་སྲིད་པ་མཚོན། མིག་སྔར་ཞིབ་འཇུག་འདི་རིགས་ཀྱི་སྤུས་ཚད་ལ་སྔར་བཞིན་ཚོད་འཛིན་ཡོད་མོད། ཡིན་ནའང་། དུས་སྔ་མའི་ཏོག་གསར་ནད་དུག་མི་མངོན་པར་མཆེད་པའི་ཐད་ཀྱི་ཞིབ་འཇུག་ནི་ཧ་ཅང་གལ་ཆེ།
   སྙན་ཞུ་འདི་ནི་ཏོག་གསར་ནད་དུག་གོ་ལ་ཡོངས་སུ་འབྱུང་ཁུངས་རྩད་གཅོད་པའི་ལས་དོན་གྱི་ཀྲུང་གོའི་ཁག་དེ་རེད། ཉིན་དེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྤེལ་བ་དང་། རིགས་གཅིག་མཁས་པ་ཚོ་ཆུང་ཕྱི་ཕྱོགས་ཚོ་ཆུང་གི་ཚོགས་གཙོ་ཕིས་ཐྲིར་བྷིན་ཨན་པཱ་ལེ་ཁེ་སོགས་ཀྱིས་མཉམ་འབྲེལ་རིགས་གཅིག་མཁས་པའི་ཚོ་ཆུང་གིས་ཝུའུ་ཧན་ཡུལ་དངོས་ཀྱི་ལས་དོན་དང་ཐུན་མོང་ངང་ཞིབ་འཇུག་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ཀྲུང་གོ་སྲིད་གཞུང་དང་ཚན་རིག་པ་ཚོས་འབྱུང་ཁུངས་རྩད་གཅོད་ཐད་ལ་རོགས་སྐྱོར་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།