འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་31ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཆ་འཕྲིན་དོ་དམ་མ་
ལག་གསར་པ་དྲ་ཐོག་ཏུ་གཉེར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་31ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཆ་འཕྲིན་དོ་དམ་མ་ལག་གསར་པ་དངོས་སུ་དྲ་ཐོག་ཏུ་གཉེར་འགོ་ཚུགས་ཡོད། མ་ལག་གསར་པ་དེས་ཞིང་ཆེན་དང་གྲོང་ཁྱེར(ཀྲོའུ)དང་། རྫོང(ཆུས) ཤང་དང་གྲོང་རྡལ(ཁྲོམ་གཞུང) སྲིད་འཛིན་གྲོང་ཚོ(སྡེ་ཁུལ)བཅས་རིམ་ལྔའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དོ་དམ་སྒྲིག་གཞིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལས་སྒོ་སྤེལ་བར་མ་ལག་གི་འདེགས་སྐྱོར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་། འགན་བཅོལ་གྲོན་དངུལ་བསྡུ་བ། མི་སྒེར་གྱི་རྩིས་ཐོ་དོ་དམ། རྒན་གསོའི་ཐོབ་ཆ་སྤྲོད་པ། ཁེ་དབང་གི་ཟིན་ཐོ་འདྲི་རྩད་སོགས་ལས་སྒོ་ཐག་གཅོད་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལས་སྒོ་དེ་དྲ་ཐོག་དང་དྲ་ཕྱི་བརྒྱུད་གཉེར་ཐུབ་པ་མངོན་འགྱུར་བྱུང་ནས། འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལ་དེ་བས་སྟབས་བདེ་ལ་ལས་ཕྱོད་ཆེ་བའི་སྤྱི་ཚོགས་འགན་བཅོལ་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།
   “གྲངས་གཞི་གོང་དུ་གཅིག་སྡུད་དང་། དྲ་རྒྱ་གཤམ་དུ་སྣུར་སྲིང”གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་བསམ་ཕྱོགས་ལ་དམིགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་གྱི་ཆ་འཕྲིན་དོ་དམ་མ་ལག་གསར་པ་སྒྲུབ་གཉེར་གྱི་སྒྲིག་སྲོལ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཆ་འཕྲིན་མ་ལག་གིས་གྲོན་དངུལ་འཇལ་བའི་ཐབས་ལམ་ཆེར་གཏོང་ལ་གཞིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་བསྡུ་འཇལ་གྱི་འགན་འཁྲི་སྤོ་སྒྱུར་ལ་སྔར་བས་སྐུལ་འདེད་བཏང་ཡོད། རྩིས་ཐོའི་ནང་འབྱོར་བའི་ཆ་འཕྲིན་ལན་སྤྲོད་དང་། རྩིས་བསྡུར་ལས་དོན། གསོག་འབོར་གྲངས་གཞི་ཐག་གཅོད། བསྡུ་རུབ་དུས་ཡུན། མི་སྒེར་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་བརྒྱུད་སྐྱེལ། ཕྱིར་སྐྱེལ་རིམ་པའི་ཚབ་ཨང་ངམ་ཡང་ན་དངུལ་འབོར་ཞིབ་བསྡུར་སོགས་ལ་དམིགས་ཏེ། གྲོན་དངུལ་སློག་པའི་ལས་སྒོ་ཐག་གཅོད་སོགས་གནད་དོན་གྱི་སྒྲུབ་གཉེར་བྱེད་ཐབས་ལ་གྲོས་བསྡུར་ཐེངས་མང་དང་གཏན་འཁེལ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་ཐད་དངུལ་ཁང་དང་། སྐད་འཕྲིན། གཏོང་སྤྲོད་འབོ་སོགས་ཐབས་ལམ་མང་པོ་ནས་སྤྲོད་ཐུབ་པར་ལག་རྩལ་གྱི་རྒྱབ་སྐྱོར་ཆེན་པོ་བྱས་ཡོད།