འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་31ཉིན།

༄༅།།སྤྱི་ཚོགས་འགན་སྲུང་ལ་འགྱུར་ལྡོག་ཆེན་པོ་དྲུག་ཡོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་31ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ལིན་དང་ཕོང་ཡུན་ཅ།
   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས《〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉ནང་གི་གཙོ་གནད་ལས་དོན་ཁག་བགོས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས། གཙོ་གནད་ལས་དོན་ཁག་44ཡི་ལས་འགན་ཁག་བགོས་འགན་འཁྲི་དང་དེ་བཞིན་ལེགས་གྲུབ་དུས་ཚད་གསལ་བཏོན་བྱས་ཡོད། དེའི་ནང་སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་སྲིད་ཇུས་ཁག་6གི་དུས་ཚོད་བཀོད་སྒྲིག་ཁ་གསལ་བྱས་ཡོད།
    དེ་ལས་ང་ཚོ་ཚང་མའི་སྤྱི་ཚོགས་འགན་སྲུང་ལ་འགྱུར་ལྡོག་གསར་པ་མང་པོ་ཡོང་རྒྱུ་དང་ཕན་བདེ་གསར་པ་མང་པོ་ཐོབ་རྒྱུ་ཡིན་པ་མཚོན་ཐུབ།
   རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་དངུལ་ག་ཚོད་འཕར་མིན་དེ་ཟླ་4པའི་ཟླ་མཇུག་གོང་ཡོངས་བསྒྲགས་བྱེད་རྒྱུ་ཡིན་པ།
   2021ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་གཏོང་རྒྱུ་དང་། ག་དུས་འཕར་མིན་དང་ག་ཚོད་འཕར་མིན་ཐད། 《བསམ་འཆར》ནང་ཟླ་4པའི་ཟླ་མཇུག་གོང་དུ་འབྲེལ་ཡོད་ཀྱི་སྲིད་ཇུས་འདོན་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
    འདི་ལོ་མུ་མཐུད་ནས་རྒན་ཡོལ་ཞུས་པའི་མི་སྣའི་ཐོབ་ཆ་ལེགས་སུ་གཏོང་རྒྱུ་ཡིན་པ་དང་རྒན་གསོའི་དངུལ་ལོ་17བསྟུད་མར་འཕར་ཡོད་པ་རེད། ག་ཚོད་འཕར་མིན་དེ་མི་རིང་བར་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།
    མི་སྤྱི་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས། ཀྲུང་དབྱང་ནོར་སྲིད་ཀྱིས་རྒན་གསོའི་ཐེབས་རྩའི་ཁ་གསབ་སྤྲོད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། རྒན་གསོའི་དངུལ་རིམ་རྩིས་བྱས་ན་ལྷག་མ་སྒོར་དུང་ཕྱུར་ཁྲི་4.7ཡོད་པ་དང་། སྔོན་དཔག་ལྟར་ན། 2021ལོའི་རྒན་གསོའི་ཐེབས་རྩའི་གཏོང་ཡོང་མགོ་ཐུག་བྱུང་རྗེས་ད་དུང་ལྷག་མ་ཕྲན་ཙམ་ཡོད་པས། སླད་ཕྱིན་རྒན་གསོའི་དངུལ་གཤམ་སྤྲོད་ཐད་འགན་ལེན་ཡོད་པ་རེད།
   མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ཇི་འདྲ་ཡིན་མིན་དེ་ཟླ་9པའི་ཟླ་མཇུག་ཏུ་ཡོངས་བསྒྲགས་བྱེད་རྒྱུ་ཡིན་པ།
   སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། ཀ་རྟེན་གསུམ་པ་ཡིན་པའི་རྒན་གསོའི་འགན་བཅོལ་ཚད་ལྡན་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་དང་། ལས་དོན་དེའི་ཐད《བསམ་འཆར》ནང་ཟླ9པའི་ཟླ་མཇུག་གོང་དུ་འབྲེལ་ཡོད་ཀྱི་སྲིད་ཇུས་འདོན་དགོས་པའི་བླང་བྱ་བཏོན་ཡོད།
   ཀ་རྟེན་གསུམ་པ་ཡིན་པའི་རྒན་གསོའི་འགན་བཅོལ་ཐད། རྒྱལ་ཁབ་ཀྱི་ཁྲལ་བསྡུ་སོགས་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པའི་མི་སྒེར་གྱི་རྒན་གསོའི་དངུལ་དང་ཁྲོམ་ར་ཅན་གྱི་མི་སྒེར་གྱི་ཚོང་ལས་རྒན་གསོའི་དངུལ་རྩའི་ལས་སྒོ་ཁག་གཉིས་ཚུད་ཡོད། དེའི་ནང་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ད་དུང་བཏོན་མེད་པ་རེད།
   མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ཐད་མི་སྤྱི་པུའི་འབྲེལ་ཡོད་འགན་ཁུར་བས་བརྗོད་དོན། སྤྱིའི་བསམ་གཞིག་ནི། རྩིས་ཁྲའི་ལམ་ལུགས་རྨང་གཞིར་བྱེད་པ་དང་མི་སྒེར་རང་མོས་ངང་ཞུགས་པ། རྒྱལ་ཁབ་ནོར་སྲིད་ཀྱིས་ཁྲལ་བསྡུའི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་དང་མ་དངུལ་ཁྲོམ་ར་ཅན་གྱི་མ་འཇོག་ཚོང་གཉེར་བྱ་རྒྱུ་ཡིན་པ་དེ་རེད།
   ལས་རྣམ་གསར་པའི་ལས་རིགས་གནོད་འཚེའི་ཐད་འགན་ལེན་ཇི་ལྟར་བྱེད་མིན་དེ་ཟླ་6པའི་ཟླ་མཇུག་གོང་ཁ་གསལ་བཟོ་རྒྱུ་ཡིན་པ།
    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། “ལས་ཞུགས་བྱེད་ཐབས་གསར་པར་རྒྱབ་སྐྱོར་དང་ཚད་ལྡན་འཕེལ་རྒྱས་ངང་བཏང་ནས་ལས་རིགས་གནོད་འཚེའི་འགན་ལེན་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས”《བསམ་འཆར》ནང་ཟླ་6པའི་ཟླ་མཇུག་གོང་དུ་འབྲེལ་ཡོད་སྲིད་ཇུས་འདོན་དགོས་པའི་བླང་བྱ་བཏོན་ཡོད།
   དྲ་སྦྲེལ་ལས་སྟེགས་དཔལ་འབྱོར་ལས་ལས་ཞུགས་ཀྱི་ལས་གནས་གསར་པ་འབོར་ཆེན་ཐོན་ཡོད་པ་དང་། གླ་བདག་ཅན་མེད་པར་བཟོ་བ་དང་ངལ་རྩོལ་འབྲེལ་བའི་སྟབས་བསྟུན་ཅན་གྱི་ཁྱད་ཆོས་ཀྱིས་མངགས་སྐྱེལ་བ་སོགས་ལས་རྣམ་གསར་པ་གཉེར་མཁན་ཚོར་ད་ཡོད་ཀྱི་ལས་རྨས་འགན་བཅོལ་ལམ་ལུགས་ཀྱི་འགན་སྲུང་ཐོབ་ཐབས་བྲལ་ཡོད། མི་སྤྱི་པུས་དེ་གོང་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་ལས་རྣམ་གསར་པའི་མི་སྣའི་ལས་རིགས་གནོད་འཚེ་འགན་ལེན་བྱེད་ཐབས་ཀྱི་བསམ་ཕྱོགས་རགས་ཙམ་གྲུབ་ཟིན་ཡོད་ཅེས་བརྗོད་ཡོད།
   འབྲེལ་ཡོད་ཀྱི་རིགས་གཅིག་མཁས་དབང་གིས་ངོ་སྤྲོད་བྱས་དོན། མངགས་སྐྱེལ་དང་། དྲ་འབོད་གླ་འཁོར། མྱུར་སྐྱེལ་བ་སོགས་ལས་རིགས་ཆེན་པོ་གསུམ་ནས་འགོ་ཚུགས་ཏེ་ཚོད་ལྟ་བྱས་ཡོད་པ་དང་། དེའི་རྗེས་སུ་སྲིད་ཇུས་ཀྱིས་ཞིབ་ཕྲའི་མ་དངུལ་མཉམ་འདྲེས་བྱེད་ཐབས་དང་། འགན་བཅོལ་བྱེད་སྟངས། ཐོབ་ཆའི་རྣམ་གྲངས་བཅས་དང་དེ་བཞིན་འབྲེལ་ཡོད་ཀྱི་ཐོབ་ཆའི་ཚད་གཞི་སོགས་ཁ་གསལ་བཟོ་རྒྱུ་རེད།
    ལས་ཞུགས་བྱ་ཡུལ་དུ་འགན་བཅོལ་ནང་ཞུགས་མཁན་གྱི་ཐེམ་ཐོའི་ཚད་བཀག་ལྷུག་ཏུ་གཏོང་བའི་
   འབྲེལ་ཡོད་སྲིད་ཇུས་ཁག་ཟླ་9པའི་ཟླ་མཇུག་གོང་འདོན་རྒྱུ་ཡིན་པ།
   སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་གཞིར་བཟུང་། འདི་ལོ་ལས་ཞུགས་བྱ་ཡུལ་དུ་སྤྱི་ཚོགས་འགན་སྲུང་ནང་ཞུགས་མཁན་གྱི་ཐེམ་ཐོའི་ཚད་བཀག་ལྷུག་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 《བསམ་འཆར》ནང་ཟླ་9པའི་ཟླ་མཇུག་གོང་དུ་འབྲེལ་ཡོད་ཀྱི་སྲིད་ཇུས་འདོན་དགོས་པ་ཁ་གསལ་བཏོན་ཡོད།
   ཁུངས་བཙན་བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྒྱལ་ཡོངས་སུ་སྟབས་བསྟུན་ལས་ཞུགས་མི་སྣ་དུང་ཕྱུར་2ཙམ་ཡོད་པ་རེད། མིག་སྔར་གྲོང་ཁྱེར་མང་ཆེ་བར་སྟབས་བསྟུན་ལས་ཞུགས་མི་སྣ་འགན་བཅོལ་ནང་ཞུགས་པའི་ཐེམ་ཐོའི་ཚད་བཀག་ལྷུག་ཏུ་བཏང་ཟིན་པ་དང་། ལྷག་པར་དུ་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོའི་ཚད་བཀག་རྩ་བའི་ཆ་ནས་མེད་པར་བཟོས་ཟིན་ཡོད། ཡིན་ནའང་གྲོང་ཁྱེར་ཆེ་གྲས་ཁག་གཅིག་གིས་ས་གནས་དེ་རང་གི་ཐེམ་ཐོ་ཡིན་ན་གཞི་ནས་ལས་ཞུགས་བྱ་ཡུལ་དུ་འགན་བཅོལ་ནང་ཞུགས་ཐུབ་པའི་བླང་བྱ་འདོན་གྱི་ཡོད་པ་རེད།
   རིམ་པ་དང་པོའི་གྲོང་ཁྱེར་ཆེ་གྲས་ཁག་གཅིག་གི་རྒན་གསོ་དང་། སྨན་བཅོས་སོགས་ཀྱི་སྤྱི་ཚོཌ་འགན་སྲུང་གི་ཆུ་ཚད་ཅུང་མཐོ་བ་ཡོད་པ་དང་གལ་ཏེ་འགན་བཅོལ་ནང་ཞུཌ་པའི་ཐེམ་ཐོའི་ཚད་བཀག་ལྷུག་ཏུ་བཏང་ཚེ་ས་གནས་དེ་གའི་ནོར་སྲིད་ཀྱི་གཏོང་སྒོར་གནོན་ཤུགས་ཆེན་པོ་བཟོ་སྲིད། འདི་ལོ་མུ་མཐུད་སྟབས་བསྟུན་ལས་ཞུགས་མི་སྣར་སྤྱི་ཚོཌ་འགན་བཅོལ་གྱི་ཁ་གསབ་སྤྲོད་རྒྱུ་དང་། ཆབས་ཅིག་འགན་བཅོལ་ནང་ཞུཌ་མཁན་གྱི་ཐེམ་ཐོའི་ཚད་བཀག་ལྷུག་གཏོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་ལས་རིཌ་གཅིག་པའི་རིགས་གཅིག་མཁས་དབང་གིས་བརྗོད།
   གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་མི་རེའི་ཆ་སྙོམས་ཁ་གསབ་སྒོར་30མང་དུ་གཏོང་རྒྱུ་དང་ཟླ་5པའི་
    ཟླ་མཇུག་གོང་དུ་དེའི་ཐད་ཀྱི་སྲིད་ཇུས་འདོན་རྒྱུ་ཡིན་པ།
    སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་གཞིར་བཟུང་། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་སྒོར་30དང་སྒོར་5སོ་སོར་མང་དུ་གཏོང་རྒྱུ་དང་། 《བསམ་འཆར》ནང་ཟླ་ལྔ་པའི་ཟླ་མཇུག་གོང་ལས་དོན་འདིའི་འབྲེལ་ཡོད་སྲིད་ཇུས་འདོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
   དེ་ལྟར་རྩིས་བརྒྱབ་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་མཐོ་རུ་བཏང་རྗེས་མི་རེར་ལོ་རེར་སྒོར་580ཟིན་རྒྱུ་དང་། དེ་དང་མཉམ་དུ་མི་སྒེར་གྱི་དངུལ་སྤྲོད་ཚད་གཞི་ཡང་སྒོར་40མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར་320ཟིན་རྒྱུ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་མཐོ་རུ་བཏང་རྗེས་མི་རེར་ལོ་རེར་སྒོར་79ཟིན་རྒྱུ་ཡིན་པ་རེད།
    སྨན་བཅོས་གྲོན་དངུལ་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་བྱེད་ཆོག་པའི་ཞབས་ཞུ་2022ལོའི་ལོ་མཇུག་གོང་ཁྱོན་ཡོངས་ལ་ཁྱབ་རྒྱུ་ཡིན་པ།
   སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། སང་ལོའི་ལོ་མཇུག་གོང་རྫོང་ཚང་མས་ཉུང་མཐར་ཡང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་1གཏན་འཁེལ་བྱས་ཏེ། སྒོ་བསྟེན་སྨན་བཅོས་ཀྱི་གྲོན་དངུལ་ཚུད་པའི་སྨན་བཅོས་གྲོན་དངུལ་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་བྱེད་ཆོག་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད་པ་དང་། 《བསམ་འཆར》ནང་། ལས་དོན་འདི་2022ལོའི་ཟླ་12གོང་ལེགས་སྒྲུབ་བྱེད་དགོས་པའི་བཀོད་སྒྲིག་བྱས་ཡོད་པ་རེད།
   འདི་ལོའི་ཟླ་གཉིས་པར། རང་རྒྱལ་གྱིས་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་གྲོན་དངུལ(སྒོ་བསྟེན་དལ་བའི་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་ནད་རིགས་ཚུད་མེད་པ) ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་བྱེད་ཆོག་པའི་ཚོད་ལྟའི་ཞིང་ཆེན་དང་ལྗོངས་15མང་དུ་བཏང་བ་དང་། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་27གྱིས་སྒོ་བསྟེན་སྨན་བཅོས་ཀྱི་གྲོན་དངུལ་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་བྱེད་རྒྱུ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།