འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་25ཉིན།

༄༅།།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དྲ་བ་བཙུགས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་25ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དྲ་བ་བཙུགས།
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་མཛུབ་སྟོན་བྱས་ཏེ། མི་དམངས་དྲ་བའི་ཀྲུང་གོའི་གུང་ཁྲན་ཏང་གསར་འགྱུར་དྲ་བས་རོགས་སྒྲུབ་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དྲ་བ་(http://dangshi.people.cn/)ཉེ་ཆར་དངོས་སུ་ཚུགས་པ་རེད། གཞུང་གི་སྐད་འཕྲིན་སྤྱི་སྟེགས་“ཏང་གི་ལོ་རྒྱུས་སློབ་གསོ”ཡང་དུས་མཉམ་དུ་བཏོན་ཡོད། 
   ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དྲ་བ་དང་གཞུང་གི་སྐད་འཕྲིན་སྤྱི་སྟེགས་ཀྱིས་ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་གསོའི་དགོངས་དོན་གཙོ་བོ་དང་ཐབས་ཇུས་བཀོད་སྒྲིག་སྤེལ་བར་གཞིགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་འཕེལ་རིམ་གནས་ཚུལ་དང་དཔེ་མཚོན་ཅན་གྱི་ཉམས་མྱོང་བརྗོད་པ་དང་། དུས་ཐོག་ཏུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དང་སེམས་འགུལ་ཐེབས་པའི་གཏམ་རྒྱུད་བརྗོད་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་སྦྱངས་ནས་བློ་སྤོབས་སྐྱེད་པ། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་བརྩི་མཐོང་། ལོ་རྒྱུས་སྦྱངས་ནས་འབད་པ་བཅས་བྱེད་པར་སྣེ་ཁྲིད་དེ། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་ཆེར་བཏང་ནས། ཏང་གི་ལོ་རྒྱུས་སྦྱོང་བ་དང་། བསམ་བློ་རྟོགས་པ། དངོས་དོན་སྒྲུབ་པ། ལས་འགོ་གསར་འབྱེད་བཅས་བྱ་དགོས། 
   ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དྲ་བ་ལ“ཁྱབ་བསྒྲགས་གལ་ཆེན”“མཉམ་འགུལ་སྤེལ་རེས”“ཏང་གི་ལོ་རྒྱུས་ཡིག་ཆ”སོགས་ལེ་ཚན་20ལྷག་སྒྲིག་འགོད་བྱས་ཡོད་པ་དང་། བཀོད་སྒྲིག་དང་སློབ་སྦྱོང་། མཉམ་འགུལ། ཞབས་ཞུ་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་ཡོད། གཞུང་གི་དྲ་ཚིགས་སུ“ངས་མང་ཚོགས་ལ་དངོས་དོན་སྒྲུབ་པ”ཞེས་པའི་ལག་ལེན་བྱེད་སྒོའི་ལེ་ཚན་སྒྲིག་འགོད་བྱས་ནས། ས་གནས་དང་སྡེ་ཚན་ལས་ཁུངས་ཁག་བཅས་ཀྱིས་མང་ཚོགས་ལ་དངོས་དོན་སྒྲུབ་ནས་གནད་དོན་ཐག་གཅོད་བྱས་ཚུལ་ཁྱབ་བསྒྲགས་བྱ་རྒྱུ་རེད། དམིགས་སུ་བཀར་ནས་བཏོན་པའི་མཉམ་འདྲེས་སྨྱན་སྦྱོར་ཆེད་དོན་ཁུལ་དུ་ད་དུང་ཁྱད་ཆོས་མངོན་གསལ་ལྡན་ཞིང་། རྣམ་པ་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མཉམ་འདྲེས་སྨྱན་སྦྱོར་ཐོན་རྫས་སྣ་ཚོགས་གཙོར་བྱས་ནས་སྟོན་རྒྱུ་ཡིན་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་དང་ཁྱད་པར་དུ་ན་གཞོན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱེད་པར་ཞབས་ཞུ་སྒྲུབ་རྒྱུ་ཡིན། 
   གཞུང་གི་སྐད་འཕྲིན་སྤྱི་སྟེགས་ཀྱིས་དུས་རྣམ་ཀུན་དང་ཡུལ་ཕྱོགས་གང་རུང་ནས་སློབ་སྦྱོང་བྱེད་པའི་སྤོ་འགུལ་སྤྱི་སྟེགས་ཤུགས་ཆེན་པོས་བཟོ་རྒྱུ་ཡིན་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཀྱིས་དུས་ཐོག་ཏུ་སློབ་སྦྱོང་གི་གནས་ཚུལ་ཤེས་རྟོགས་དང་། ཏང་གི་ལོ་རྒྱུས་ཡིག་ཆ་རྩད་ཞིབ། ཕན་འབྲས་ལྡན་པའི་ཕན་ཚུན་སྤེལ་རེས་བྱེད་པ་བཅས་ཀྱི་ལག་རོགས་བཟང་པོར་འགྱུར་ངེས་རེད།