འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་25ཉིན།

༄༅།།H&Mཟོང་སྒྲོམ་ནས་མར་ལེན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་25ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་གྱི་ཕྱི་དྲོར། ཅིན་ཏུང་དང་ཕིང་ཏའོ་ཏའོ་ལས་སྟེགས་ཐོག་ནས་H&Mདང་HMསོགས་གཙོ་ཚིག་འཚོལ་བཤེར་བྱེད་ཚེ་ཚང་མའི་འབྲེལ་ཡོད་ཚོང་ཁང་དང་ཚོང་རྫས་མངོན་ཐུབ་མེད། ཐེན་མའོ་ལས་སྟེགས་ཐོག་གི་འཚོལ་བཤེར་བྱས་འབྲས་གསར་ཤོས་ལས་མངོན་གསལ། “H&M”དང་“HM”འཚོལ་བཤེར་བྱས་པ་ཚང་མར་འབྲས་བུ་མེད། དེ་སྔོན་ཆུ་ཚོད་ཕྱེད་ཀའི་སྔོན། འབྲེལ་ཡོད་ཚོང་རྫས་དག་རྒྱུན་ལྡན་ལྟར་མངོན་ཐུབ་ཀྱི་ཡོད།
   ཚོགས་པས་དེ་སྔོན་གསལ་བསྒྲགས་སྤེལ་ནས་ཤིན་ཅང་དུ་ཡོད་པའི་གྱོན་ཆས་བཟོ་གྲྭ་གང་རུང་དང་མཉམ་ལས་མི་བྱ་རྒྱུ་དང་ས་ཁུལ་དེ་ནས་རྒྱུ་ཆ་དང་རྒྱུ་ཆས་ཉོ་སྒྲུབ་མི་བྱ་རྒྱུ་བསྟན་ཡོད། གསལ་བསྒྲགས་དེས་དྲ་གྲོགས་ཚོའི་ཁོང་ཁྲོ་ཆེན་པོ་སློང་ཡོད་པ་སྟེ། ཕྱོགས་གཅིག་ནས་ཤིན་ཅང་གི་ཐོན་རྫས་བཀག་འགོག་བྱེད་པ་དང་། ཕྱོགས་གཅིག་ནས་ཀྲུང་གོའི་སྒོར་མོ་རག་འདོད་ཡོད་པ་རེད།
   དོན་འབྲེལ་ཚོང་རྟགས་HMཡི་འབྲེལ་ཡོད་ཀུང་སི་ཧའེ་ཨེན་སི་མོ་ལི་སི་(ཧྲང་ཧའེ)ཚོང་ལས་ཚོད་ཡོད་ཀུང་སི་ནི་2006ལོའི་ཟླ་11པར་བཙུགས་ཤིང་། ཐོ་འགོད་མ་དངུལ་ནི་ཡོ་སྒོར་ཁྲི་500རེད། ཁྲིམས་བཀོད་འཐུས་ཚབ་པ་JYRKI PETER TERVONENརེད། མ་རྐང་ཆ་འཕྲིན་ལས་མངོན་རྒྱུར། ཀུང་སི་དེའི་མ་རྐང་ཡོངས་རྫོགས་འཛིན་མཁན་ནི་H & M Hennes&Mauritz Holding Asia Limitedརེད།