འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་18ཉིན།

༄༅།།ཧན་ཀྲེང་གིས་པེ་ཐེན་ཧོ་གསུམ་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་18ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ■ ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་པེ་ཐེན་ཧོ་གསུམ(པེ་ཅིང་དང་། ཐེན་ཅིན། ཧོ་པེ)མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་པེ་ཐེན་ཧོ་གསུམ་མཐུན་སྦྱོར་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། འབྲེལ་ཡོད་ཡིག་ཆར་གྲོས་བསྡུར། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།
    ཧན་ཀྲེང་གིས། པེ་ཐེན་ཧོ་གསུམ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་གཏོང་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་བྱས་རྗེས་ཧུར་ཐག་བཞག་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་རྩ་བའི་གཞི་འཛིན་སར་བརྩི་བ་དང་། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཀྱི“གནད་འགག”སེལ་རྒྱུར་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱེད་པ། སྔ་བལྟས་ཕྱི་བསམ་རང་བཞིན་དང་སྤྱི་ཡོངས་རང་བཞིན་སྒོ་ནས་ཇུས་འགོད་གཏིང་ཟབ་བྱེད་པ། ལས་དོན་སྒྲུབ་སྟངས་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་པེ་ཐེན་ཧོ་གསུམ་མཐུན་སྦྱོར་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
    ཧན་ཀྲེང་གིས། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ཏེ། འགག་རྩར་དམ་འཛིན་དང་གཙོ་གནད་འབུར་དུ་ཐོན་པའི་སྒོ་ནས་པེ་ཐེན་ཧོ་གསུམ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་གོ་རིམ་ལྡན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས། གཞི་གཅིག་ཅན་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། “ལྕགས་ལམ་ཐོག་གི་པེ་ཅིང་དང་ཐེན་ཅིན་ཧོ་པེ་བཅས”འཛུགས་སྐྲུན་བྱེད་པ། ཁུལ་ཁོངས་གཞུང་ལམ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། པེ་ཐེན་ཧོ་གསུམ་གྱི་གནམ་ཐང་ཚོགས་པ་དང་གྲུ་ཁ་ཚོགས་པའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་སེལ་རྒྱུར་གོ་རིམ་ལྡན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་སྟེ་སེལ་བ་དང་ལྕག་སྐུལ་གཅུན་འདོམས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འཆར་འགོད་ལ་ནན་པོ་གཞིགས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་སེལ་བའི་རྣམ་གྲངས་ཀྱི་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྷག་པར་དུ་པའེ་ཡང་ཏན་གྱི་སྲུང་སྐྱོང་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་གི་ཐེག་ནུས་ཆེ་རུ་བཏང་སྟེ་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་ནུས་པ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཐུང་ཀྲོའུ་ཆུས་དང་བྱང་རྒྱུད་རྫོང་གསུམ་མཐུན་སྦྱོར་འཕེལ་རྒྱལ་ལ་རྒྱབ་སྐྱོར་བྱས་ནས་འགྲིམ་འགྲུལ་དང་། ཁོར་ཡུག་སྲུང་སྐྱོང་། ཐོན་ལས། སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཐེན་ཅིན་གྱི་ཐོན་ལས་འཕེལ་རྒྱས་ལེགས་པའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐེན་ཅིན་བྱང་ཕྱོགས་རྒྱལ་སྤྱིའི་མཁའ་ཐོག་སྐྱེལ་འདྲེན་ལྟེ་གནས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།