འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་18ཉིན།

༄༅།།ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣར་ཏོག་གསར་རིམས་འགོག་
སྨན་ཁབ་ཞལ་འདེབས་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་18ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཀྲང་ཅུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིར་འཕྲིན་ཡིག་བཏང་སྟེ། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣར་ཏོག་གསར་རིམས་འགོག་སྨན་ཁབ་ཞལ་འདེབས་བརྒྱབ་པ་དེ་ཨ་ཧྥེ་རི་ཁའི་ལས་འགན་ཁུལ་དུ་སྔོན་ལ་སྤྱོད་རྒྱུ་ཡིན་པ་དངོས་སུ་བརྡ་ཁྱབ་བཏང་བ་རེད།
   མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པས། དེ་ནི་ཀྲུང་གོས་ཏོག་གསར་རིམས་འགོག་སྨན་ཁབ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་འགྱུར་བ་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཡིན་ཞིང་། དེ་ལས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་ཏན་ཏིག་བྱེད་པ་མཚོན་གྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི“ཞི་བདེ་སྲུང་སྐྱོང་ལ་བྱ་སྤྱོད་སྤེལ་རྒྱུའི”གྲོས་འགོའི་འོག་གི་ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་གྲོས་གཞིའི་སྣེ་ཁྲིད་རྒྱལ་ཁབ་ཀྱི་གྲས་ཀྱི་ངོས་ནས། ཀྲུང་གོས་ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་དང་། ཞི་བདེ་སྲུང་སྐྱོང་མི་སྣར་གང་མགྱོགས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པར་རྒྱབ་སྐྱོར། ཞི་བདེ་སྲུང་སྐྱོང་མི་སྣའི་ཚེ་སྲོག་བདེ་འཇགས་འགན་ལེན་བཅས་བྱས་ནས་ཁོ་ཚོས་དེ་བས་ལེགས་པའི་སྒོ་ནས་འགན་འཁྲི་སྒྲུབ་པར་རོགས་རམ་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ལ་གཞོགས་འདེགས་དམ་ཟབ་བྱས་ནས་ཞི་བདེ་སྲུང་སྐྱོང་མི་སྣར་ཀྲུང་གོའི་རིམས་འགོག་སྨན་ཁབ་སྔ་ཙམ་རྒྱག་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།