འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་16ཉིན།

༄༅།།མོང་གོལ་རྒྱལ་ཁབ་ཏུ་བྱེ་རྡུལ་རླུང་འཚུབ་བྱུང་ནས་མི་10ཚེ་ལས་འདས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་16ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མོང་གོལ་རྒྱལ་ཁབ་ཏུ་བྱེ་རྡུལ་རླུང་འཚུབ་བྱུང་ནས་མི་10ཚེ་ལས་འདས།
   མི་དམངས་དྲ་བའི་འཕྲིན། མོང་གོལ་རྒྱལ་ཁབ་ཛ་དྲག་གནས་ཚུལ་སྤྱི་ཁྱབ་ཅུས་ཀྱིས་ཟླ་3ཚེས་15བརྡ་ཁྱབ་སྤེལ་དོན། ཚེས་13ཉིན་ནས་བཟུང་མོང་གོལ་ས་ཆ་མང་ཤོས་སུ་བྱེ་རྡུལ་རླུང་འཚུབ་བྱུང་བ་དང་དང་ཁ་བ་བུ་ཡུག་ཚབས་ཆེན་བབས། གསར་འགོད་པས་གསར་འགྱུར་སྤེལ་བའི་བར་དུ། བྱེ་རྡུལ་རླུང་འཚུབ་དང་ཁ་བ་བུ་ཡུག་ཚབས་ཆེན་གྱིས་མི་10ཚེ་ལས་འདས་པ་དང་མི་10ལྷག་ད་དུང་ག་སོང་ཆ་མེད་གྱུར་ཡོད།
   བརྡ་ཁྱབ་ལས་བཤད་དོན། ཚེས་13ཉིན་ནས་བཟུང་མོང་གོལ་རྒྱལ་ཁབ་ཀྱི་ས་ཆ་མང་ཤོས་སུ་རླུང་གི་མྱུར་ཚད་སྐར་ཆུང་རེར་སྨི་20ཡིན་པ་དང་ཐོལ་རླུང་གི་མྱུར་ཚད་ནི་སྐར་ཆུང་རེར་སྨི་30ནས་སྨི་34བར་ཟིན།
    གནམ་གཤིས་ཆེད་མཁས་པས་བཤད་དོན། མོང་གོལ་རྒྱལ་ཁབ་ཀྱི་ཐེངས་འདིའི་བྱེ་རྡུལ་རླུང་འཚུབ་ཀྱི་དྲག་ཚད་དང་རྒྱུན་མཐུད་དུས་ཚོད་ནི་ལོ་རྒྱུས་ཐོག་ཡོང་མ་མྱོང་། བྱེ་རྡུལ་རླུང་འཚུབ་ཀྱིས་མོང་གོལ་གྱི་གུར་58དང་ཁང་པ་121 ར་བ་སོགས་རླུང་གིས་གཏོར་བཤིག་བྱུང་བ་དང་། སྒོ་ཕྱུགས་སྟོང་ལྷག་གར་སོང་ཆ་མེད་གྱུར་ཡོད། ཤར་རྒྱུད་ས་ཁུལ་གྱི་ས་ཆ་ཁ་ཤས་ཀྱི་གློག་སྐུད་སོགས་ལ་གནོད་སྐྱོན་ཐེབས་ནས་གློག་མེད་པ་བྱས་འདུག