འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་2ཉིན།

༄༅།།མཚོ་སྔོན་མཚོ་ཤར་གྱིས་ཤིང་འཛུགས་ནགས་བཟོ་བྱས་ནས་མཚོ་ཤར་གསར་པ་གཏོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་02ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་དཔྱིད་དུས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་ལ་ཉེ་བས། མཚོ་ཤར་གྲོང་ཁྱེར་གྱིས“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་ཤར་གསར་པ་གཏོད་བཞིན་ཡོད།
   མཚོ་ཤར་གྲོང་ཁྱེར་གྱིས་ལྷོ་བྱང་རི་བོ་སྔོ་ལྗང་ཅན་དུ་འགྱུར་བ་དང་། རྨ་ཆུ་དང་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་མཛེས་ལྗོངས་སླར་གསོ་སོགས་ཀྱི་རྣམ་གྲངས་གལ་ཆེན་སྔར་བས་ལག་བསྟར་བྱས་ཏེ་ཙོང་ཆུའི་ལུང་གཞུང་གི“རོང་ཁ་ཆེན་པོ་གསུམ”དང“འདམ་ར་ཆེན་པོ་བཅུ”ཡི་སྐྱེ་ཁམས་སླར་གསོ་དང་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་གྱི་འགྲོ་ལམ་དང་གྲོང་ཁུལ་གྱི་ཐོན་སྒོ་སོགས་གཙོ་གནད་ཡུག་ཁུལ་མུ་མཐུད་སྔོ་ལྗང་ཅན་དུ་བསྒྱུར་ནས་གྲོ་ཚང་ལྟེ་བའི་ཁུལ་གྱི་འགྲོ་ལམ་15དང་གཙང་པོ་གསུམ་གྱི་འདམ་རའི་སྤྱི་གླིང་སྔོ་ལྗང་ཅན་དུ་བསྒྱུར་བ། གྲོང་ཁྱེར་གྱི་སྐྱེ་ཁམས་སྔོ་ལྗང་ཅན་གྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། གཙོ་གནད་ཁུལ་ཁོངས་ཀྱི་རི་ཆུ་ནགས་གླིང་མཚེའུ་རྩྭ་བྱེ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ཚོད་ལྟ་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་སྐྱེ་ཁམས་སྲུང་སྐྱོང་བཅས་དང་དེ་བཞིན་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ལག་བསྟར་བྱས་ཡོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག ཞིང་ལས་ལས་བྱུང་བའི་སྦགས་བཙོག གཏེར་ཁ་བཏོན་ཟིན་པའི་གཏེར་རི་སོགས་ཁྱབ་ཁོངས་ཀྱི་སྦགས་བཙོག་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། རླུང་ཁམས་ཆེ་མོའི་སྦགས་བཙོག་ཁུལ་ཁོངས་མཉམ་འགོག་དང་མཉམ་དུ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་མཚོ་ཤར་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་གྲོང་ཁྱེར་ཧྲིལ་པོའི་རིགས་ཁག་གི་ཁེ་ལས་ཀྱི་གཏེར་རིའི་ཐོན་ཁུངས་བཅོས་སྒྲིག་དང་སྐྱེ་ཁམས་སླར་གསོའི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་མཚོ་ཤར་གྲོང་ཁྱེར་གྱིས་མདོ་ལ་རིང་མོའི་་ལྷོ་རྒྱུད་ཀྱི་མཚོ་ཤར་ཡུག་ཁུལ་གྱི་གཏེར་རི་38ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། གྲོང་ཚོ་216གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་ཕྱོགས་ཡོངས་ལ་ཁྱབ་པ་དང་དཔྱིད་ཁ་དང་སྟོན་ཁའི་དུས་ཚིགས་གཉིས་སུ་ཤིང་འཛུགས་ནགས་བཟོ་བྱེད་རིང་འོས་འགན་ངང་སྡོང་ཕྲུག་རྐང་ཁྲི་786བཙུགས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ཚད་བརྒལ་ངང་ལེགས་གྲུབ་བྱས་ཡོད་པ་རེད།