འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་29ཉིན།

༄༅།།མོང་གོལ་གྱིས་ཙུང་ལི་གསར་པ་བསྐོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་29ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མོང་གོལ་གྱིས་ཙུང་ལི་གསར་པ་བསྐོས།
   མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྱི་རྒྱལ་ཁབ་ཕོ་བྲང་ནས་བླངས་པའི་ཨོ་ཡུན་ཨེར་ཏི་དབྱི་ཧུའེ་གྲོས་ཚོགས་ལ་ཞུགས་པའི་འདྲ་པར་ཡིན། མོང་གོལ་རྒྱལ་ཁབ་ཏཱ་ཧུའུ་ལཱར(དབྱི་ཧུའེ་གྲོས་ཚོགས)ཚང་འཛོམས་གྲོས་ཚོགས་འཚོགས་པ་དང་། བློ་བཟང་རྣམ་སྲས་ཨོ་ཡུན་ཨེར་ཏི་སྐབས་གསར་པའི་ཙུང་ལིར་བསྐོ་རྒྱུ་ཐག་བཅད་པ་རེད། 
   རྒྱལ་ཁབ་ཏཱ་ཧུའུ་ལཱར་གྱི་ཀྲུའུ་ཞི་བཙན་བསྟན་ཧྲ་ཐཱར་གྱིས། མིག་སྔར། མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་ཉམས་ཚོད་དྲག་པོ་དང་ཐུག་ཡོད། ཏོག་གསར་གློ་ཚད་གནས་ཚུལ་ཡང་ཡག་པོ་མེད། ཁོང་གིས་ཨོ་ཡུན་ཨེར་ཏི་ཡིས་གང་མགྱོགས་ངང་སྲིད་གཞུང་གསར་པ་སྒྲིག་འཛུགས་བྱས་ནས། སྲིད་གཞུང་གི་ལས་ཀ་རྒྱུན་ལྡན་གྱི་ལམ་ཁར་ཞུགས་ཐུབ་པའི་རེ་བ་བྱས་ཡོད་ཟེར། 
   ཚེས་21ཉིན། སྐབས་ཐོག་ཙུང་ལི་ཧུའུ་རི་ལེ་སུའུ་ཧུའུ་ལ་ཏོག་གསར་གློ་ཚད་འགོས་པའི་སྦྲུམ་མ་ཞིག་གནས་སྤོ་བའི་བརྒྱུད་རིམ་ཁྲོད་ལྟ་སྐྱོང་ལེགས་པོ་མ་བྱས་པར་མི་དམངས་ཡིད་མ་རང་ནས་ལས་ཁུར་རྩ་དགོངས་ཞུས་པ་རེད། རྒྱལ་ཁབ་ཏཱ་ཧུའུ་ལཱར་གྱིས་ཉིན་དེར་ཚང་འཛོམས་གྲོས་ཚོགས་འཚོགས་ནས། ཧུའུ་རི་ལེ་སུའུ་ཧུའུ་ཡི་ལས་ཁུར་རྩ་དགོངས་ཞུ་རེ་ལ་མོས་མཐུན་བྱས་པ་དང་འབྲེལ། ཙུང་ལི་གསར་པ་མ་བསྐོས་བར་དུ་མུ་མཐུད་དུ་སྲིད་གཞུང་གི་ལས་དོན་ལ་འགོ་ཁྲིད་ནས་སྐྱོང་དགོས་པའི་འགན་དཀྲིས་ཡོད།
    མོང་གོལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་གཞིགས་ན། སྲིད་འཛིན་ཏང་མོང་གོལ་མི་དམངས་ཏང་གིས་ཚེས་22ཉིན་ཨོ་ཡུན་ཨེར་ཏི་ཙུང་ལི་གསར་པའི་འོས་མིའི་མིང་བཏོན་ནས། ཙུང་ཐུང་པ་ཐུ་ཐུའུ་ལེ་ཀར་ཡིག་ཐོག་ནས་མོང་གོལ་མི་དམངས་ཏང་གི་འགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ངོ་སྤྲོད་བྱས་པ་རེད། ཚེས་27ཉིན། པ་ཐུ་ཐུའུ་ལེ་ཀར་གྱིས་ཆོད་དོན་དེ་དང་ལེན་བྱས་པ་རེད། 
   ཨོ་ཡུན་ཨེར་ཏི་ནི་1980ལོར་སྐྱེས་པ་དང་། 2016ལོ་དང་2020ལོར་ཐེངས་གཉིས་ལ་རྒྱལ་ཁབ་ཏཱ་ཧུའུ་ལཱར་གྱི་ཨུ་ཡོན་ལ་བདམས་པ་རེད། 2019ལོ་ནས་བཟུང་མོང་གོལ་རྒྱལ་ཁབ་སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15836574.html)