འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་19ཉིན།

༄༅།།2020ལོར་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.5ལྷག་ཙམ་འཕར་བ།

—— ཁེ་ལས་དཀའ་གནད་ལས་སྒྲོལ་རྒྱུར་རམ་འདེགས་བྱས་ནས་དཔལ་འབྱོར་གྱི་གཞི་གདན་བརྟན་པོ་ཡོང་བར་བྱེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཀོན།
   ◆ 2020ལོའི་ཟླ་དང་པོ་ནས་བཅུ་པ་བར། རྒྱལ་ཡོངས་བཟོ་ལས་ཁེ་ལས་ཀྱི་བྲིན་ཚོང་ཡོང་འབབ་རིམ་རྩིས་བྱས་ན་0.4%འཕར་བ་དང་། ལོ་འཁོར་ནང་རིམ་རྩིས་བྱས་ན་འཕར་ཚད་ཐོག་མར་དངོས་སུ་འཕར་ཡོད།
   ◆ 2020ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ང་ཚོས་ཁྲལ་དངུལ་གཟིགས་སྐྱོང་སྣ་ཚོགས་སྒོར་ཁྲི་2300ལྷག་ཙམ་ལོངས་སྤྱོད་བྱས་པ།
   ◆ 2020ལོའི་ཟླ་དང་པོ་ནས་བཅུ་པ་བར། དམངས་གཉེར་དཔལ་འབྱོར་གྱི་བྲིན་ཚོང་ཡོང་འབབ་རིམ་རྩིས་བྱས་ན་5.1%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཁེ་ལས་སྤྱི་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.9ཡིས་མཐོ་བ་ཡོད་པ།
   ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2020ལོ་ཧྲིལ་པོར་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.5ལྷག་ཙམ་མང་དུ་སོང་བ་དང་། ཚོང་དུད་ཁྲི་399ཡི་ཁྲལ་འཇལ་བའི་ཁྲལ་དངུལ་སྒོར་དུང་ཕྱུར་292ནར་འགྱངས་བྱས་ནས་འཇལ་བ། ཕྱིར་གཏོང་གི་དཔྱ་ཁྲལ་སྒོར་དུང་ཕྱུར་ཁྲི་1.45དུས་ཐོག་དང་ཡང་དག་ངང་ཕྱིར་སློག་བཅས་བྱས་པས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་ནུས་ལྡན་ངང་འཕེལ་བ་རེད།
   ཁྲལ་བསྡུའི་གྲངས་གཞི་ཆེན་པོ་ལས་མངོན་པར། 2020ལོར་གཞི་ཆེའི་སྲིད་ཇུས་ཁག་སྤུས་ཚད་མཐོ་རུ་དང་ནུས་པ་ཆེ་རུ་ཕྱིན་ཏེ། རང་རྒྱལ་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་འཕར་ཚད་ཀྱི་སྤྱི་ཡོངས་ལ་དུས་ཚིགས་བཞིན་འཕར་བའི་རྣམ་པ་བཟང་པོ་མངོན་བཞིན་ཡོད།
   “2020ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ཁྲང་ཁྲེང་རླངས་འཁོར་གྱི་གོ་ལ་ཧྲིལ་པོར་རླངས་འཁོར་གསར་པ་ཁྲི་96.15བྲིན་ཚོང་ཐུབ་པ་དང་། ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་ཚད་ལྡོག་འཕར་བྱུང་སྟེ། དུས་མཚུངས་ལས་2.77%འཕར་ཡོད། གྲུབ་འབྲས་འདི་འདྲ་ཐོབ་དོན་ནི་ཁྲལ་དོན་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད”ཅེས་ཁྲང་ཁྲེང་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་ཁྲལ་དོན་ཅིང་ལི་ཆི་ཞའོ་ཁྲེན་གྱིས་བཤད་པ་དང་། ཁོང་གིས“2020ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ཀུང་སིར་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་13.5བྱས་པས། ང་ཚོས་སྲིད་ཇུས་ཀྱི་ཁེ་སྤོགས་དེ་ལག་རྩལ་ཞིབ་སྤེལ་དང་རྒྱལ་སྤྱིའི་ཁྲོམ་ར་སྒོ་དབྱེའི་ཐད་སྤྱད་པ་ཡིན”ཞེས་བཤད།
   2020ལོར་རིམས་ནད་རྐྱེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། རང་རྒྱལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རམ་འདེགས་བྱེད་པའི་ཁྲལ་རིན་གྱི་གཟིངས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཞིང་། རྒྱུན་མཐུད་ནུས་ལྡན་དང་གནད་སྨིན་ཇུས་བསྟར་གྱི་ཁྲལ་རིན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་ཐེངས་བདུན་ལ་ཁག་28བཏོན་པས་ཁེ་ལས་དཀའ་གནད་ལས་སྒྲོལ་ཐུབ་པ་མ་ཟད། དཔལ་འབྱོར་གྱི་གཞི་གདན་བརྟན་པོ་བྱུང་ཡོད།
   “ཁྲལ་རིན་གཉིས་གཅོག་སྲིད་ཇུས་ཀྱིས་ཁེ་ལས་ཀྱི་ནོར་དོན་མ་དངུལ་གྱི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་ལས་བཟོའི་དཔུང་ཁག་བརྟན་དུ་ཕྱིན་ཏེ། སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་སླར་གསོར་ཕན་པ་ཡོད། དམིགས་བསལ་གྱི་དུས་སྐབས་སུ་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ཀྱིས་ནུས་པ་ཧ་ཅང་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་པེ་ཅིང་རྒྱལ་ཁབ་རྩིས་གཉེར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཤུས་ཧུང་གིས་བཤད།
   གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་སོགས་ཁྲལ་བསྡུའི་གྲངས་གཞི་ཆེན་པོ་ལས་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་འགྲོ་ཚུལ་ཐད་ཀར་མངོན་ཐུབ། 2020ལོའི་ཟླ་དང་པོ་ནས་བཅུ་པ་བར། རྒྱལ་ཡོངས་བཟོ་ལས་ཁེ་ལས་ཀྱི་བྲིན་ཚོང་ཡོང་འབབ་རིམ་རྩིས་བྱས་ན་0.4%འཕར་བ་དང་། ལོ་འཁོར་ནང་རིམ་རྩིས་བྱས་ན་འཕར་ཚད་ཐོག་མར་དངོས་སུ་འཕར་ཡོད། མ་འཇོག་དང་འབྲེལ་བ་ཡོད་པའི་ཨར་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་རིམ་རྩིས་བྱས་ན་9.4%འཕར་བ་དང་། དེ་དུས་ཚིགས་དང་པོ་ནས་གསུམ་པ་བར་ལས་བརྒྱ་ཆའི་གྲངས་0.6འཕར་ཡོད། བཟོ་ལས་ཀྱི་བྲིན་ཚོང་མགྱོགས་མྱུར་སླར་གསོ་ཐུབ་ནས་མ་འཇོག་གི་འབྲེལ་ཡོད་ལས་རིགས་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ་རྨང་གཞིའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་རེད།
   “མངག་ཐོ་ཉུང་དུ་མ་ཕྱིན་པར་དེ་ལས་ལྡོག་སྟེ་ད་དུང་40%ཡན་འཕར་བ་དང་། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1.2ལེགས་གྲུབ་ཟིན་ཏེ་2021ལོའི་མངག་ཐོ་ཟླ་ལྔ་པ་བར་བང་བསྒྲིགས་ཟིན་ཡོད”ཅེས་ཅང་ཤིས་སུའེ་ཁྲོན་ཐུང་མིང་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སི་ནི་ངོས་གཅིག་མ་དང་ངོས་གཉིས་མའི་རིམ་པ་མང་བའི་གློག་ལམ་ངོས་ལེབ་སྣ་ཚོགས་ཐོན་སྐྱེད་བྱེད་པའི་མཐོ་གསར་ལག་རྩལ་ཁེ་ལས་ཤིག་ཡིན། 2020ལོར་ལྡོག་འཕར་བྱུང་བའི་སྐོར་གླེང་སྐབས་སྤྱི་ཁྱབ་ཅིང་ལི་ཤེ་པིན་གྱིས་ཁེ་ལས་ལའང་དེ་སྔ་དཀའ་གནད་ཆེན་པོ་འཕྲད་བྱུང་ཞེས་བཤད།
   “གསར་སྣོན་སྒྲིག་ཆས་ལ་སྒོར་ཁྲི་2000ལྷག་ཙམ་བཏང་བ་དང་། དུས་བཀག་གཉིས་པའི་ལས་གྲྭ་མགྱོགས་མྱུར་འགོ་འཛུགས་གྲབས་ཡོད་པ། མ་བཅོས་རྒྱུ་ཆ་ཉོ་དགོས་པ། ལས་མིའི་གླ་ཆ་སྤྲོད་པ་བཅས་ཚང་མར་མ་དངུལ་འབོར་ཆེན་དགོས་ཀྱི་ཡོད”ཅེས་ཤེ་པིན་གྱིས་བཤད་པ་དང་། ཁོང་གིས་ཁེ་ལས་ཀྱིས་ལོ་ཧྲིལ་པོར་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཐོབ་ཁྲལ་གྱི་གཟིགས་སྐྱོང་དང་། ཞིབ་སྤེལ་འགྲོ་གྲོན་བསྡོམས་ནས་འཐེན་འཕྲི་བྱེད་པ། སྤྱི་ཚོགས་འགན་སྲུང་དངུལ་དུས་མཚམས་རང་བཞིན་གྱི་སྒོ་ནས་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་བཅས་ཁྱོན་བསྡོམས་སྒོར་ཁྲི་520ལྷག་ཙམ་ལོངས་སྤྱོད་བྱས་པས་གནས་སྐབས་ཀྱི་དཀའ་ངལ་སེལ་ཐུབ་བྱུང་ཞེས་བཤད།
   “ཁྲལ་རིན་གཉིས་གཅོག་ནི‘ལག་པ་ཚ་དུས་ཀྱི་སྐམ་པ’ཡིན་ལ།‘གཡང་རྩེའི་སྟེང་གི་ཡས་སྒྲོན’དེ་བས་ཡིན། 2020ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ང་ཚོས་ཁྲལ་རིན་གྱི་གཟིགས་སྐྱོང་སྣ་ཚོགས་སྒོར་ཁྲི་2300ལྷག་ཙམ་ལོངས་སྤྱོད་བྱས་པ་དང་། དེའི་ཁྲོད་ནས་ཞིབ་སྤེལ་འགྲོ་གྲོན་ཁོ་ན་སྒོར་ཁྲི་840ལྷག་ཙམ་འཐེན་འཕྲི་བྱས་པ་རེད། ཁེ་ལས་ཀྱི་མ་གནས་དམའ་རུ་ཕྱིན་པས་བློ་ནུས་དང་ནོར་ཤུགས་དེ་བས་མང་བ་བཟོ་སྐྲུན་སྒྱུ་རྩལ་རིམ་སྤོར་ཐད་འཇོག་ཐུབ”ཅེས་ཧྲན་ཏུང་ཝེ་ཧྥང་ཧའོ་ཐའེ་འཕྲུལ་ཆས་ཚད་ཡོད་འགན་འཁྲི་ཀུང་སིའི་ནོར་དོན་འགན་འཁུར་བ་ཀྲང་ཁྲུན་ཅེས་གསར་འགོད་པར་བཤད་པ་དང་། ཁོང་གིས་ཀུང་སིས་2020ལོར་ལིན་ཏེ་གཤེར་གནོན་མ་ལག་རྣམ་གྲངས་ལག་ལེན་བསྟར་ཏེ། སྔོན་དཔག་ལྟར་ན་2021ལོའི་ཟླ་ལྔ་པར་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་རེད་ཅེས་བཤད།
   ལི་ཤུས་ཧུང་གིས་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ན་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ་དང་། དངུལ་སྨར་འཁོར་རྒྱུག་བྱེད་མང་དུ་གཏོང་བ། ཁེ་ཕན་གསར་གཏོད་བྱེད་ཚད་མཐོ་རུ་གཏོང་བ་བཅས་ལ་ཕན་པས། ཁེ་ལས་ཀྱི་སྒུལ་ནུས་གཞན་འགྱུར་བྱེད་མགྱོགས་སུ་འགྲོ་བ་དང་གསར་གཏོད་རྣམ་པའི་ཁེ་ལས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་འགྲོ་ཐུབ་ཅེས་ངོས་འཛིན་བྱས་པ་རེད།
   2020ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། རྒྱལ་ཡོངས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་བྲིན་ཚོང་ཡོང་འབབ་རིམ་རྩིས་བྱས་ན་13.7%འཕར་བ་དེ་ཟླ་དང་པོ་ནས་ཟླ་བཅུ་པའི་བར་ལས་བརྒྱ་ཆའི་གྲངས་0.5འཕར་ནས་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ཡོད།
   ལོ་བདུན་ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། ཧྲང་ཧའེ་ལེ་སུའེ་ཀུང་སི་རྒྱལ་ཡོངས་ཀྱི་ཤིང་ཏོག་དང་སྔོ་ཚལ་སོས་ཉར་ཐུམ་སྒྲིལ་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་སུ་གྱུར་ཡོད། དེར་རང་བརྟེན་ཇུས་འགོད་དང་ཞིབ་སྤེལ་གྱི་ཐོན་སྐྱེད་ནུས་པ་ལྡན་པས་ཁེ་བེད་བདག་ཐོབ་མང་པོ་དང་འཕེལ་ཕྱོགས་བཟང་པོ་ཡོད། 2020ལོར་ཀུང་སིའི་ལས་རྗེས་གྲུབ་འབྲས་བཟང་པོ་ཡོད་པ་སྟེ། རྒྱུ་ཆ་གསར་པའི་བཟོ་གྲྭའི་ལས་འགོ་བཙུགས་པ་དང་། ཐོན་སྐྱེད་སྒྲུབ་རིམ་གྱི་ཐོན་ནུས་རྒྱ་ཆེར་བཏང་བ། དུས་ཚིགས་གསུམ་པར་གུན་སེལ་ཁེ་སྒྱུར་བྱུང་བ་བཅས་རེད།
   སྤྱི་ཁྱབ་ཅིང་ལི་དབྱང་ཝེ་ལའེ་ཡིས། ཕྲན་ཚེགས་ཁེ་ལས་རིམ་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་པ་དེ་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། “2019ལོར་ཀུང་སིས་ཞིབ་འཇུག་གསར་སྤེལ་ལ་བསྡོམས་མ་དངུལ་སྒོར་ཁྲི་670ལྷག་ཙམ་བཏང་བ་དང་། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྒོར་ཁྲི་255ལྷག་ཙམ་འཐེན་འཕྲིའི་སྲིད་ཇུས་ལོངས་སྤྱོད་ཐུབ་པ། 2020ལོར་ང་ཚོས་སླར་ཡང་ཞིབ་འཇུག་གསར་སྤེལ་ཐད་དངུལ་འབོར་སྒོར་ཁྲི་450ལྷག་ཙམ་བཏང་ནས་སྟོབས་ཤུགས་ཡོད་ཚད་སྣ་ཁ་གསར་པ་ཞིབ་འཇུག་གསར་སྤེལ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐད་བཞག་ཡོད”ཅེས་བཤད།
    རིམས་ནད་ཀྱིས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་ཚོད་བགམ་ཆེན་པོ་འཕྲད་ཡོད། ཁེ་ལས་འབྲིང་ཆུང་ཁྲོད་མང་ཆེ་བ་དམངས་གཉེར་ཁེ་ལས་རེད། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པས་དམངས་གཉེར་དཔལ་འབྱོར་སླར་གསོའི་རྣམ་པ་ལེགས་ཙམ་ཡོད། 2020ལོའི་ཟླ་དང་པོ་ནས་བཅུ་པ་བར། དམངས་གཉེར་དཔལ་འབྱོར་གྱི་ཕྱིར་ཚོང་ཡོང་འབབ་རིམ་རྩིས་བྱས་ན་5.1%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཁེ་ལས་སྤྱི་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.9ཡིས་མཐོ་བ་ཡོད།
   ཀྲུང་གོ་ནོར་དཔལ་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིའུ་ཧྲང་ཤིས་ཀྱིས་2021ལོར་སྒྱུར་བཅོས་ལ་བརྟེན་ནས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། དེ་མཚུངས་ཀྱི་སྤྱི་ཚོགས་འགན་སྲུང་ལམ་སྲོལ་དང་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་དང་ཟུང་འབྲེལ་བྱེད་དགོས། “2021ལོར་རྒྱང་ལྟ་བྱེད་སྐབས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཐད་མུ་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་གཞོལ་དགོས”ཞེས་ལི་ཤུས་ཧུང་གིས་བཤད།