འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་19ཉིན།

༄༅།།རྫས་ལུད་དང་ཞིང་སྨན་སྤྱོད་པའི་འབོར་ཚད་གཏན་ནས་མི་འཕར་བའི་བྱ་སྤྱོད་དམིགས་ཚད་བདེ་བླག་ངང་མངོན་
འགྱུར་བྱུང་བ།

རང་རྒྱལ་གྱི་འབྲུ་རིགས་སྐྱེ་དངོས་ཆེན་པོ་གསུམ་གྱི་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་40%ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “ན་ནིང་ཆུ་འབྲས་འདེབས་སྐབས་ཞིང་ལས་ལག་རྩལ་ལྟེ་གནས་ཀྱིས་ཁྱབ་གདལ་བཏང་བའི་འཕྲུལ་ཆས་ཀྱིས་ལྗང་འཛུགས་དང་མཉམ་དུ་གཏིང་ལུད་རྒྱག་པའི་ལག་རྩལ་ཁྱབ་གདལ་བཏང་ནས་རྗེས་སུ་ཁ་ལུད་ཐེངས་གཉིས་གསུམ་རྒྱག་མི་དགོས་པ་བྱུང་བ་དང་རྫས་ལུད་སྤྱོད་པའི་འབོར་ཚད་ཉུང་མཐར་ཡང་བཅུ་ཆ་གསུམ་ཉུང་དུ་སོང་ཡོད”ཅེས་ཨན་ཧུའེ་ཝུའུ་ཧུའུ་གྲོང་ཁྱེར་དབྱི་ཅང་ཆུས་པད་མ་ཁྲོམ་གཞུང་ཤིན་ཏ་ཧན་གྲོང་ཚོའི་འབྲུ་རིགས་འདེབས་འཛུགས་དུད་ཆེན་ཕང་ཧྲི་ཕུའུ་ཡིས་དགའ་ཚོར་ཆེན་པོས་བཤད།
    2015ལོ་ནས་བཟུང་ཞིང་ལས་གྲོང་གསེབ་པུའུ་ཡིས་རྫས་ལུད་དང་ཞིང་སྨན་སྤྱོད་པའི་འབོར་ཚད་གཏན་ནས་མི་འཕར་བའི་བྱ་སྤྱོད་སྤེལ་བ་དང་ལོ་5ལག་ལེན་བསྟར་བ་བརྒྱུད་2020ལོའི་ལོ་མཇུག་བར་རང་རྒྱལ་གྱི་རྫས་ལུད་དང་ཞིང་སྨན་སྤྱོད་པའི་འབོར་ཚད་ཉུང་དུ་གཏོང་བའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བ་དང་
   རྫས་ལུད་དང་ཞིང་སྨན་སྤྱོད་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས་འདེབས་འཛུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་རེད། ཚན་རིག་དང་མཐུན་པའི་ཚོད་རྩིས་ལ་གཞིགས་ན། 2020ལོར་རང་རྒྱལ་གྱི་ཆུ་འབྲས་དང་། གྲོ མ་རྨོས་ལོ་ཏོག་བཅས་འབྲུ་རིགས་སྐྱེ་དངོས་ཆེན་པོ་གསུམ་ལ་རྫས་ལུད་སྤྱོད་ཚད་40.2%ཟིན་པ་དང་། ཞིང་སྨན་སྤྱོད་ཚད་40.6%ཟིན་ཡོད་པ་རེད།