འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་19ཉིན།

༄༅།།ཀོང་ཤིས་སུ་འཕྲལ་སྡོམ་རླུང་འཕྲིན་མ་ལག་རིམ་པ་ལྔར་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ◆ མིག་སྔའི་བར་རིམ་རྩིས་བྱས་ན་ཀོང་ཤིས་ཀྱིས་རྫོང་རིམ་པའི་འཕྲལ་སྡོམ་རླུང་འཕྲིན་མ་ལག་34བསྐྲུན་པ་དེ་ཤང་དང་གྲོང་རྡལ་404དང་སྲིད་འཛིན་གྲོང་ཚོ(སྡེ་ཁུལ)5118དང་མི་འབོར་ཁྲི་1375.08ལ་ཁྱབ་ཡོད།
   ◆ ལིའུ་ཀྲོའུ་གྲོང་ཁྱེར་གྱིས་འཕྲལ་སྡོམ་རླུང་འཕྲིན་མ་ལག་རང་བྱུང་གྲོང་སྡེར་བསྐྲུན་ཏེ་ཁོངས་གཏོགས་རྫོང་གི་གྲོང་ཚོ་ཚང་མར་འཕྲལ་སྡོམ་རླུང་འཕྲིན་ཁྱབ་པ་བྱ་རྒྱུ་རེད།
   ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར། ཀོང་ཤིས་ཀྱིས་འཕྲལ་སྡོམ་རླུང་འཕྲིན་མ་ལག་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་འཕྲལ་སྡོམ་རླུང་འཕྲིན་གྱི་ཁྱབ་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་བས་འཕྲལ་སྡོམ་རླུང་འཕྲིན་མ་ལག་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔར་ཤར་གཏོང་ཐུབ་པ་བྱུང་ཡོད།
   རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཀྲང་ཧུང་གིས། 2020ལོར་ཀོང་ཤིས་ཀྱིས་ཤིན་ཏུ་དབུལ་བའི་རྫོང་12ལ་རྫོང་རིམ་པའི་འཕྲལ་སྡོམ་རླུང་འཕྲིན་མ་ལག་བསྐྲུན་པའི་རྨང་གཞིའི་ཐོག་ཤིན་ཏུ་དབུལ་བའི་རྫོང་10ལ་འཕྲལ་སྡོམ་རླུང་འཕྲིན་མ་ལག་སྐྲུན་འགོ་ཚུགས་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ཀོང་ཤིས་ཀྱིས་རྫོང་རིམ་པའི་འཕྲལ་སྡོམ་རླུང་འཕྲིན་མ་ལག་34བསྐྲུན་པ་དེ་ཤང་དང་གྲོང་རྡལ་404དང་སྲིད་འཛིན་གྲོང་ཚོ(སྡེ་ཁུལ)5118དང་མི་འབོར་ཁྲི་1375.08ལ་ཁྱབ་པའི་ཁྲོད། ལིའུ་ཀྲོའུ་གྲོང་ཁྱེར་གྱིས་འཕྲལ་སྡོམ་རླུང་འཕྲིན་མ་ལག་རང་བྱུང་གྲོང་སྡེར་བསྐྲུན་ཏེ་ཁོངས་གཏོགས་རྫོང་གི་གྲོང་ཚོ་ཚང་མར་འཕྲལ་སྡོམ་རླུང་འཕྲིན་ཁྱབ་པར་བྱ་རྒྱུ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཤིས་སུ་རང་སྐྱོང་ལྗོངས་རིམ་པའི་འཕྲལ་སྡོམ་རླུང་འཕྲིན་གྱི་སྤྲིན་ཚོམ་ལས་སྟེགས་དང་གྲོང་ཁྱེར་རིམ་པའི་ལས་སྟེགས་གཉིས་བཏོད་དེ། སྐུད་མེད་དང་། སྐུད་ཡོད། དྲ་སྦྲེལ་སོགས་ལག་རྩལ་བྱེད་ཐབས་སྣ་མང་སྤྱད་པས་འཕྲལ་སྡོམ་རླུང་འཕྲིན་དེ་བརྡ་རྟགས་ཡོང་ཁུངས་མང་པོ་ནས་གཏོང་ཐུབ་པ་དང་། ཐབས་ལམ་མང་པོར་བརྟེན་ནས་བརྒྱུད་གཏོང་ཐུབ་པ། བྱེད་ཐབས་སྣ་མང་ཐོག་ནས་རླུང་འཕྲིན་གཏོང་ཐུབ་པ་བཅས་བྱུང་བ་དང་། འཕྲལ་སྡོམ་རླུང་འཕྲིན་མ་ལག་ཐད“གཅིག་གྱུར་ཐོག་མཉམ་སྒུལ་དང་། བདེ་འཇགས་ལྡན་ལ་བློས་འགེལ་ ཆོག་པ། ཞི་འཐབ་ཟུང་འབྲེལ”བཅས་མངོན་འགྱུར་བྱུང་ཡོད།