འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།2020ལོའི་ས་ངོས་ཆུའི་སྤུས་ཚད་ལེགས་པའི་བཅད་ངོས་ཀྱི་བསྡུར་ཚད་དུས་མཚུངས་ལས་8.5%འཕར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་18ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་སྣོད་བཅུད་ཁོར་ཡུག་པུའུ་ཡིས་2020ལོའི་རྒྱལ་ཡོངས་ཀྱི་ས་ངོས་ཆུ་དང་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་གནས་ཚུལ་ཡོངས་བསྒྲགས་བྱས་པ་སྟེ། རྒྱལ་ཁབ་ཀྱི་ས་ངོས་ཆུ་1940ལ་དཔྱད་ཞིབ་བྱས་པའི་བཅད་ངོས་ཁྲོད་ཆུའི་སྤུས་ཚད་ལེགས་པའི(Ⅰ-Ⅲརིགས་བར)བཅད་ངོས་ཀྱི་བསྡུར་ཚད་83.4%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.5འཕར་བ་དང་། རིགས་ཞན་པའི་Ⅴརིགས་ཀྱི་བཅད་ངོས་ཀྱི་བསྡུར་ཚད་0.6%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.8ཆག་པ་རེད། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་337གྱི་ཆ་སྙོམས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་87.0%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.0འཕར་བ་དང་། PM2.5ཡི་ཆ་སྙོམས་གར་ཚད་ཝེ་ཁེ་རེར་སྨི་རྒྱ་དཔངས་གྲུ་བཞི་33ཟིན་ནས་དུས་མཚུངས་ལས་8.3%ཆག་པ་རེད།
    པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེའི་མཐའ་འཁོར་ས་ཁུལ་གྱི“2+26”གྲོང་ཁྱེར་གྱི་ཆ་སྙོམས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་63.5%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་10.4འཕར་བ་དང་། PM2.5འདུས་ཚད་ཝེ་ཁེ་རེར་སྨི་རྒྱ་དཔངས་གྲུ་བཞི་51ཟིན་ནས་དུས་མཚུངས་10.5%ཆག་པ་རེད། པེ་ཅིང་གི་སྤུས་ཚད་ལེགས་པའི་གནམ་གཤིས་ཉིན་གྲངས་ཀྱི་སྡུར་ཚད་75.4%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་9.6འཕར་བ་དང་། PM2.5འདུས་ཚད་ཝེ་ཁེ་རེར་སྨི་རྒྱ་དཔངས་གྲུ་བཞི་38ཟིན་ནས་དུས་མཚུངས་ལས་9.5%ཆག་པ་རེད། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་གྲོང་ཁྱེར་41གི་ཆ་སྙོམས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་85.2%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.7འཕར་བ་དང་། PM2.5འདུས་ཚད་ཝེ་ཁེ་རེར་སྨི་རྒྱ་དཔངས་གྲུ་བཞི་35ཟིན་ནས་དུས་མཚུངས་ལས་14.6%ཆག་པ་རེད།