འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་17ཉིན།

༄༅།།’ཤིན་ཏུ་དབུལ་བ་འགག་སྒྲོལ་བྱེད་པའི་བོད་ལྗོངས་ཀྱི་ལག་ལེན།

“ལོ་ལྔ་ཚན་བཅུ་གསུམ་པ”ཚུན་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་དངོས་བྲིས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་17ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་གཞི་ཁྱོན་ཆེ་ཤོས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་སྤྱོད་ལག་བསྟར་བྱས་ཏེ་ཞིང་འབྲོག་པའི་སྤྱི་འབོར་གྱི་10% ཙམ་ཟིན་པའི་མི་འབོར་དབུལ་པོ་དབུལ་པོའི་གནས་ལས་སྤོས་པ་དང་། ཡོང་འབབ་མེད་པའི་ལས་ཀ་ནས་བྲལ་བ། འབྱོར་འབྲིང་དུ་བསྐྱོད་པ་བཅས་བྱས་ཡོད། 2016ལོ་ནས་བཟུང་། བོད་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ཁུལ་965བསྐྲུན་ནས་མི་ཁྲི་26.6སྤོས་ཡོད་པ་མ་ཟད། བཀོད་སྒྲིག་ཁུལ་དུ“ཆུ་གློག་ལམ་འཕྲིན་དྲ་དང་སློབ་ཚན་རིག་འཕྲོད་འགན་སྲུང”གི་མཐོར་འདེགས་འདུ་འགོད་བཅུ་ལག་བསྟར་བྱས་ནས་མང་ཚོགས་དབུལ་པོར་འཚོ་བའི་ཁོར་ཡུག་སྔར་ལས་ལེགས་པ་བསྐྲུན་ཡོད།
   དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན་དང་ལྷག་པར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གནད་སྨིན་དབུལ་སྐྱོར་གྱི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། དམག་འཐབ་ཡག་པོ་རྒྱག་པ་དང་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད།
   ན་ནིང་གི་ལོ་མཇུག་བར་བོད་ཀྱིས་རྫོང་དབུལ་པོ་74ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཡོངས་དབུལ་སྒྲོལ་བྱས་པ། ཡིག་ཚཌ་དང་གཱ་བཟོས་པའི་མི་འབོར་དབུལ་པོ་གཙང་སེལ་བྱས་ནས་དབུལ་པོ་གཅིག་ཀྱང་མི་ཐོན་པ་བྱས་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་1499ནས་2019ལོའི་སྒོར་9328བར་མང་དུ་སོང་ཡོད།
   རྒྱལ་ཁ་ཕུ་ཐག་གཅོད་པ་སྟེ། དབུལ་སྐྱོར་ཆེན་པོའི་རྣམ་པ་འཛུགས་སྐྱོང་བྱས་པ།
   ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཕུ་མ་བྱང་ཐང་ནི་ཆ་སྙོམས་ས་བབ་སྨི་5373ཟིན་པའི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་ཞིག་ཡིན་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ཙམ་ལས་མེད། ཡུལ་དེར་ཐ་ན་དབུགས་གཏོང་ལེན་བྱེད་པར་ཡང་དཀའ་ངལ་ཡོད་པས་དབུལ་པོ་སེལ་རྒྱུ་ནི་དེ་བས་ཀྱང་མུ་གེའི་སྟེང་ཟླ་ལྷག་ཅེས་པའི་དཔེ་ལྟར་གྱུར་ཡོད།
   ཕུ་མ་བྱང་ཐང་ནི་བོད་ཀྱི་དབུལ་པོའི་བསྡུས་རིས་ཤིག་རེད། འོན་ཀྱང་དཀའ་ངལ་ཇི་ཙམ་ཆེ་རུང་འགག་སྒྲོལ་བྱེད་ཕོད་པ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས། རྒྱུན་གཏན་ལས་བརྒལ་བའི་བྱེད་ཐབས་སྤྱད་ནས་ཕར་ཆིན་རྒྱག་པའི་སྙིང་རུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་འགན་ལེན་བྱེད་དགོས་ཞེས་བརྗོད་ཡོད།
   —— མཐོ་སར་སྐུལ་འདེད་བཏང་ཞིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གོང་གིས་འོག་ལ་སྣེ་ཁྲིད་དེ་ཁག་བགོས་འགན་ལེན་དང་། མིང་སྦྱར་སྒྲུབ་གཉེར། རང་ངོ་མས་བརྟག་ཞིབ་ཇུས་འདོན། སྔ་སྣུར་སྐུལ་འདེད་བཅས་བྱས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས) ཤང(གྲོང་རྡལ)བཅས་རིམ་བཞིར་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་པུའུ་བཙུགས་ཏེ་རིམ་པ་བཞིན་འགན་འཁྲིའི་ཡི་གེ་དང་དམག་བཀའ་ཁུར་ལེན་ཞུ་ཡིག་བཞག་ཡོད།
   —— སྲིད་ཇུས་འཐུས་ཚང་དུ་བཏང་ཞིང་། 2016ལོ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས“ཁག་གཅིག་བྱས་པ་ལྔའི”ལག་བསྟར་ཇུས་གཞི་དང་གྲོང་ཚོ་དབུལ་པོ་ཕྱིར་འཐེན་དང་རྫོང་དབུལ་པོའི་དབུལ་ཞྭ་ཕུད་པའི་དཔྱད་ཞིབ་བྱེད་ཐབས་སོགས་ལེ་ལག་ཚང་བའི་ཡིག་ཆ་70ལྷག་ཙམ་བཟོས་ནས་བཀྲམ་སྟེ། “ཁག་གཅིག་བྱས་པ་ལྔའི”འདུ་འགོད་དང་། མ་དངུལ་གྱི་འགན་ལེན། གྲུབ་འབྲས་སྲ་གཏོང་སོགས་རིམ་པ་མང་བ་དང་། ཕྱོགས་ཡོངས། ཁྱབ་ཁོངས་ཆེ་བ་བཅས་དང་འབྲེལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་ཅིག་ཆགས་ཡོད།
   —— མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ཞིང་། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་748.48སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱད་པ་དང་། ལོར་ཆ་སྙོམས་འཕར་ཚད་15%ཟིན་པ། རིམ་རྩིས་བྱས་ན་དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་སྒོར་དུང་ཕྱུར་644དང་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་མ་དངུལ་སྒོར་དུང་ཕྱུར་61.27སྤྲད་ཡོད།
   —— རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། རང་སྐྱོང་ལྗོངས་ཀྱིས་ཆེད་དོན་རོགས་སྐྱོར་དང་།  ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་བཅས“ཤིང་རྟ་འཁོར་ལོ་ལྔ”མཉམ་གཏོང་གི་རོགས་སྐྱོར་ཆེན་པོའི་བྱེད་ཐབས་བཟོས་པ་དང་། བོད་སྐྱོར་མ་དངུལ་80%ལྷག་ཙམ་དམངས་འཚོ་དང་དབུལ་སྐྱོར་གྱི་ཁྱབ་ཁོངས་སུ་སྤྱད་ཡོད།
   —— བློ་སྐྱོར་དང་རིག་སྐྱོར་བྱས་ཤིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་འགྲན་སློབ་སྙེག་རོགས་བརྒལ་བཅས་ཀྱི་འགྲན་བསྡུར་ཧུར་ཐག་བྱས་པ་དང་། དབུལ་སྒྲོལ་རྩལ་ནུས་ཆེ་རུ་བཏང་ནས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་གསོ་སྐྱོང་བྱས་ཤིང་། དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཡོད།
    འགག་སྒྲོལ་ཏེ། གནད་སྨིན་རོགས་སྐྱོར་གྱི་བྱེད་ཐབས།
   ས་ངན་ཡུག་ཁུལ་ནི་བོད་དུ་སྐད་གྲགས་ཡོད་པའི་ས་ཆ་དབུལ་པོ་ཞིག་རེད། ལུང་པ་གྲོག་རོང་མང་ལ་ས་རྒྱུ་ཞན་པས་ས་ངན་གྱི་ཕ་ཚ་བུ་རྒྱུད་ཡོངས་རི་ཁུལ་ནས་དོན་མ་ཐུབ་པར་ཧ་ལམ་འཇིག་རྟེན་དང་ཡུལ་གྱིས་སྐལ་བ་ཆོད་པར་ལྟར་གྱུར་ནས་བཀག་སྡོམ་དང་། དབུལ་ཕོངས། རྗེས་ལུས་ཀྱི་འཚོ་བ་སྐྱེལ་བཞིན་མཆིས།
    ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་དེ་གའི་མི་གསོ་མ་ཐུབ་པས། 2018ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུག་ཁུལ་གྱི་མང་ཚོགས་དབུལ་པོ་11600ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཤིང་། དེ་ནི་སྤྱི་ཡོངས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་བོད་ཀྱི་རྣམ་གྲངས་ཆེ་ཤོས་རེད།
   “ཕ་ཚ་བུ་རྒྱུད་ཀྱིས་འཚོ་བ་སྐྱེལ་ས་ནས་སྤྱི་ལེ་1000ལྷག་གི་ས་ཆར་སྤོས་པ་ཡིན། དང་ཐོག་ང་རང་སྤོ་འདོད་མ་བྱུང་། ད་ཆ་ཏང་དང་སྲིད་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ང་ཚོ་དབུལ་ས་དང་གྱེས་ནས་ནམ་ཟླ་ཡག་ལ་འགྲིམ་འགྲུལ་བདེ་བའི་ས་ཆ་ཡག་པོར་སྤོ་རུ་བཅུག་པ་དང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བཟང་དུ་སྐྱོད་པར་ཡང་རོགས་རམ་གནང་བྱུང”ཞེས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ས་ངན་ཡུག་ཁུལ་གྱི་འབུམ་སྐྱེས་ཤང་འབུམ་སྐྱེས་གྲོང་ཚོ་ནས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨོ་རོང་ཤང་བདེ་སྐྱིད་གྲོང་ཚོར་སྤོས་པའི་དེ་གའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲོལ་དཀར་གྱིས་བརྗོད་ཅིང་། ཁོང་གིས། 2019ལོར་བདེ་སྐྱིད་གྲོང་གསར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་12200ཟིན་པ་དང་། གྲོང་མི་ཀུན་དཀར་ཆ་དོད་ལ་ཁོད་ཡངས་པའི་ཐོག་ཁང་དུ་སྡོད་པའི་ཁར་ཁྱིམ་ཚང་ཁ་ཤས་ཀྱིས་ད་དུང་མོ་ཊ་ཆུང་བའང་ཉོས་ཡོད་ཅེས་ཀྱང་བཤད།
   བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་། དཀའ་ངལ་ཆེ་ཤོས་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རེད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་གཞི་ཁྱོན་ཆེ་ཤོས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་སྤྱོད་ལག་ལེན་བསྟར་ཏེ་ཞིང་འབྲོག་པའི་སྤྱི་འབོར་གྱི་10% ཙམ་ཟིན་པའི་མི་འབོར་དབུལ་པོ་དབུལ་ཚང་ནས་སྤོས་པ་དང་། དབུལ་ལས་བརྗེས་པ། འབྱོར་འབྲིང་དུ་སྐྱོད་པ་བཅས་བྱས་ཡོད། 2016ལོ་ནས་བཟུང་། བོད་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ཁུལ་965བསྐྲུན་ནས་མི་ཁྲི་26.6དེ་གར་སྤོས་པ་མ་ཟད། བཀོད་སྒྲིག་ཁུལ་དུ“ཆུ་གློག་ལམ་འཕྲིན་དྲ་དང་སློབ་ཚན་རིག་འཕྲོད་སྲུང”གི་མཐོར་འདེགས་འདུ་འགོད་བཅུ་ལག་ལེན་བསྟར་ནས་མང་ཚོགས་དབུལ་པོར་འཚོ་བའི་ཁོར་ཡུག་སྔར་བས་ལེགས་པ་བསྐྲུན་ཡོད།
   གྲངས་གཞི་ལས་མངོན་པ་ལྟར་ན། 2016ལོ་ནས་བཟུང་། བོད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་398.9བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2984ལག་བསྟར་དང་། མི་འབོར་དབུལ་པོ་ཁྲི་23.8སྐུལ་ཁྲིད་བྱས་པར་མང་ཚོགས་ཁྲི་84ལྷག་ཙམ་ལ་ཕན་ཐོགས་བྱུང་ཡོད། ཐོན་ལས་དབུལ་སྐྱོར་ནི་བོད་ཀྱི་ཁྱབ་རྒྱ་ཆེ་ཤོས་དང་། སྐུལ་ཁྲིད་མི་འབོར་མང་ཤོས། རྒྱུན་མཐུད་རང་བཞིན་ཆེ་ཤོས་བཅས་ཀྱི་དབུལ་སྐྱོར་བྱེད་ཐབས་ཤིག་ཏུ་གྱུར་ཡོད།
   ངོ་མཚར་ཏེ། ལམ་ལུགས་ཀྱི་ལེགས་ཆ་མངོན་པ།
   རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་308རེ་འདུན་བྱས་ཏེ་སྒེར་རྩེ་རྫོང་རི་དམར་གྲོང་ཚོའི་བྱེ་རྡོ་ར་བ་སྒྱུར་བཀོད་རྒྱས་སྐྲུན་དང་འབྲི་གཡག་གསོ་ཚགས་སོགས་དབུལ་སྒྲོལ་ཐོན་ལས་རྣམ་གྲངས་ལ་སྤྱད་པས། རི་དམར་གྲོང་ཚོའི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་2016ལོའི་སྒོར་3310ནས་2019ལོའི་10900བར་མང་དུ་ཕྱིན་ཡོད།
   མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་གི་ལས་བྱེད་པ་འཕྲིན་ལས་དབང་མོས་ཤང་དེའི་གྲོང་ཚོ་དང་ཚོགས་ཆུང་ཚང་མར་བསྐྱོད་དེ་དབུལ་སྒྲོལ་བྱེད་རིང་གི་གནད་དོན་སྣ་ཚོགས་ཟིན་ཐོར་བཀོད་ནས་ཟིན་བྲིས་དེབ་མང་པོ་ལོངས་ཡོད།
   2011ལོའི་ཟླ་10པ་ནས་བཟུང་བོད་ཀྱིས་སྔ་རྗེས་སུ་ཁག་ཐེངས་དགུ་རུ་བགོས་ནས་ལས་བྱེད་པ་མི་ཐེངས་ཁྲི་19.3ལྷག་ཙམ་གྲོང་སྡོད་རོགས་སྐྱོར་ལས་དོན་སྤེལ་བར་བཏང་བ་དང་། ཁག་ཐེངས་གསུམ་ལ་བགོས་ནས་ལས་བྱེད་པ་མི་ཐེངས་ཁྲི་1.6གྲོང་ཚོ(གྲོང་ལྷན)གྱི་ཧྲུའུ་ཅི་དང་པོར་མངགས་ཡོད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི“ལས་དོན་ཁག་བདུན”ལ་དམིགས་ཏེ་དམངས་ལ་དོན་དངོས་དང་བྱ་བཟང་མང་པོ་བསྒྲུབས་ཡོད།
   གྲོང་སྡོད་ལས་བྱེད་པ་ནི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། དེས་མ་ཟད། བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཕུད། ད་དུང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཡང་ཡོད།
   “དབུལ་ཞྭ་འཕུད་མ་ཐུབ་ན་དཔོན་གནས་ལས་འབབ་རྒྱུ་ཡིན”ཞེས་པ་དེ་ནི་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་ཀའོ་པའོ་ཅུན་གྱིས་དེ་སྔ་དབུལ་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་སྐབས་བཞག་པའི“དམག་བཀའ་ཁས་ལེན་ཞུ་ཡིག”རེད། 2013ལོར་ཁོང་སྒར་རྫོང་དུ་སླེབས་དུས་དེ་གར་དབུལ་པོ་ཐོན་ཚད་20%ཟིན་གྱི་ཡོད། ས་མཐོར་སླེབས་མ་ཐག་པའི་ཀའོ་པའོ་ཅུན་གྱིས་ཟླ་བ་གཅིག་ལྷག་ཙམ་རིང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་5དང་གྲོང་ཚོ་15ཡི་དུད་ཚང་དབུལ་པོ་500ལྷག་ཙམ་གྱི་སར་བསྐྱོད་ཡོད། 2018ལོའི་ཟླ་10པར་སྒར་རྫོང་མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་ཞྭ་ཕུད་ཀྱི་རྫོང་དང་པོར་གྱུར་པ་རེད། ཀའོ་པའོ་ཅུན་གྱིས་ཁས་ལེན་བྱས་པ་མངོན་འགྱུར་བྱུང་ཡང་ཁོང་གིས་དེ་ནས་ཁ་མ་བྲལ་བར་དེ་ལས་ལྡོག་སྟེ་བོད་སྐྱོར་དུས་ཡུན་ཐིམ་རྗེས་ཐད་ཀར་བོད་དུ་ལས་སྒྱུར་བྱེད་རྒྱུའི་འདུན་ཞུ་བྱས།
   ལོ་20ལྷག་ཙམ་རིང་ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་ཁ་གཏད་བོད་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་16གིས་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མ་དངུལ་གཏོང་བ་དང་། རྣམ་གྲངས་སྐྲུན་པ། ཐོན་ལས་སྐྱེད་སྲིང་། དཔལ་འབྱོར་མཉམ་ལས། ལག་རྩལ་རྒྱབ་སྐྱོར་བཅས་བྱས་ནས་རྒྱལ་ཡོངས་དང་དུས་མཉམ་དུ་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
   ཞིང་ཆེན་རིམ་པའི་ཏང་ཨུད་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་བྱེད་རིང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་རྒྱུན་མཐུད་ལོ་4“ཕྱོགས་བསྡུས་གདེང་འཇོག་ལེགས་པའི”གཏན་འཁེལ་བྱས་པ་དང་། ཕྱོགས་གསུམ་པས་ཚོད་སྐོར་བྱས་རྗེས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད་པ་རེད།
   ད་ཆ་གངས་ལྗོངས་ས་མཐོར་འཕེལ་རྒྱས་ཤུགས་ཆེན་བྱུང་སྟེ་མང་ཚོགས་ཚོ་དབུལ་བའི་གནས་ལས་གྲོལ་ཡོད། འདི་ལོ་ནས་བཟུང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གཅིག་སྡུད་འགག་སྒྲོལ་གྱི་དུས་མཚམས་ནས་ཕྱོགས་ཡོངས་སྲ་བརྟན་མཐོར་འདེགས་ཀྱི་དུས་མཚམས་སུ་སླེབས་པས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུ་རེད། རྒྱང་སྐྱོད་ལམ་བུ་གསར་པར་མི་ཚོའི་འབད་འཐབ་ཀྱི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་པ་དང་འབྱུང་འགྱུར་གྱི་འཚོ་བའི་མཛེས་རིས་དེ་བས་ལྟ་ན་སྡུག་པར་འགྱུར་ངེས་རེད།