འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་14ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་
ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་14ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་སྦྲགས་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་ནན་ཏན་བསྟར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་གི་བླང་བྱར་གཞིགས་པ། རྒྱལ་ཡོངས་སུ་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དམིགས་ཚད་དང་འགན་འཁྲི་ཁ་གསལ་བཟོ་བ། ཏང་སྲིད་ཀྱིས་འགན་འཁྲི་གཅིག་མཚུངས་འཁུར་བ་དང་། ཁོངས་གཏོགས་ས་ཆས་འགན་འཁུར་བ། སྡེ་ཚན་གྱིས་མཐུན་སྦྱོར་བྱེད་པ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ། ས་ཁོངས་ཧྲིལ་པོར་ཁྱབ་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས། སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
   《བསམ་འཆར》ནང་། སྣོད་བཅུད་སྔོན་འཇོག་དང་སྲུང་སྐྱོང་གཙོར་བཟུང་མཐའ་འཁྱོངས་བྱེད་དགོས། ནགས་ཚལ་བཅའ་ཁྲིམས་དང་རྩྭ་ཐང་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཆེས་ནན་པའི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས། ནགས་ཚལ་དང་རྩྭ་ཐང་སོགས་ཀྱི་སྣོད་བཅུད་མ་ལག་བརྟན་པོའི་རང་བཞིན་ཆེ་རུ་གཏོང་དགོས།
   ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་དམངས་ཕན་མཐའ་འཁྱོངས་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལག་ལེན་བསྟར་བ་དང་། སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་དང་། སྣོད་བཅུད་བཟང་བའི་ཐོན་རྫས། སྣོད་བཅུད་ཞབས་ཞུ་སྤུས་ལེགས་བཅས་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།
   གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་ཁོངས་མི་འདྲ་བའི་ནགས་ཚལ་དང་རྩྭ་ཐང་སོགས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། རིགས་དབྱེ་ཇུས་འདོན་དང་། ཚན་རིག་དང་མཐུན་པའི་དོ་དམ། ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཤིང་འཚམ་སར་སྐྱེ་ཤིང་འདེབས་པ། རྩྭ་འཚམ་སར་རྩྭ་འདེབས་པ། ཐང་རྒོད་འཚམ་སར་ཐང་རྒོད་དུ་འཇོག་པ་བཅས་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཀྱི་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།
   ཏང་ཨུད་ཀྱིས་འགོ་ཁྲིད་དང་སྡེ་ཚན་གྱིས་མཉམ་འགུལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་ཨུད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལྟེ་བར་བྱས་པའི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིམ་ཁག་ནགས(རྩྭ)དཔོན(གཤམ་དུ་གཅིག་གྱུར་ཐོག་ནགས་དཔོན་ཞེས་བརྗོད་རྒྱུ)གྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་འཕེལ་རྒྱས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་སྟོབས་ཤུགས་ལ་སྤྱི་འདོམས་བྱེད་པ་བཅས་ཀྱི་ཐོག་ནས། རིམ་པ་སྟར་ཆགས་བཞིན་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པའི་ལས་ཀའི་རྣམ་པ་ཆགས་པ་བྱེད་དགོས་ཞེས་བསྟན་ཡོད།
   《བསམ་འཆར》ནང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གིས་སྤྱི་ཁྱབ་ནགས་དཔོན་གཏན་འཁེལ་བྱས་ནས། ཞིང་ཆེན་རིམ་པའི་ཏང་ཨུད་དམ་ཡང་ན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་འགན་འཁུར་དགོས་པ་དང་། སྤྱི་ཁྱབ་ནགས་དཔོན་གཞོན་པ་གཏན་འཁེལ་བྱས་ནས་ཞིང་ཆེན་རིམ་པའི་འགན་འཁུར་བློ་མཐུན་གྱིས་འགན་ཁུར་ཏེ། ཁུལ་དབྱེའི(ཡུག་དབྱེའི)འགན་འཁུར་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གིས་དོན་དངོས་གནས་ཚུལ་གཞིར་བཟུང་། གྲོང་ཁྱེར་དང་། རྫོང་། ཤང་སོགས་ཀྱི་རིམ་ཁག་ནགས་དཔོན་གཏན་འཁེལ་བྱེད་ཆོག ས་ཁུལ་རིམ་ཁག་ནགས་ལས་དང་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ནགས་དཔོན་ལམ་ལུགས་རྩ་འཛུགས་ལག་བསྟར་གྱི་ཞིབ་ཕྲའི་ལས་དོན་གྱི་འགན་འཁུར་དགོས་ཞེས་བསྟན་ཡོད།
   《བསམ་འཆར》ནང་། ས་ཁུལ་ཁག་གིས་ས་ཁོངས་དང་ཐོན་ཁུངས་ཀྱི་ཁྱད་ཆོས་དང་རང་བྱུང་སྣོད་བཅུད་མ་ལག་ཆ་ཚང་རང་བཞིན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ནགས་དཔོན་གྱི་འགན་འཁྲིའི་ས་ཁོངས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་དགོས། རིམ་ཁག་ནགས་དཔོན་གྱིས་འགོ་ཁྲིད་ཀྱི་འགན་འཁྲིའི་ས་ཁོངས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་འཕེལ་རྒྱས་ཀྱི་ལས་དོན་སྒྲིག་འཛུགས་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ།
   ནགས་ཚལ་ཁེབས་ཚད་དང་། ནགས་ཚལ་གསོག་ཉར་བྱེད་ཚད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད། བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཁྱོན་སོགས་དམིགས་ཚད་གལ་ཆེན་ལ་བརྩི་བ། ཡུལ་བབ་དང་བསྟུན་ནས་དམིགས་ཚད་དང་འགན་འཁྲི་བཟོ་བ་བཅས་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་འཕེལ་རྒྱས་ཀྱི་འཆར་འགོད་དང་འཆར་གཞི་བཟོ་རྒྱུ་སྒྲིག་འཛུགས་དང་། བཅོས་སྐྱོང་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། འགན་འཁྲིའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། འགན་འཁྲིའི་ས་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་སྒྲིག་འཛུགས་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཁྲིམས་བཞིན་དང་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པ། སྣོད་བཅུད་སྲུང་སྐྱོང་དང་སླར་གསོར་སྐུལ་འདེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་དང་གནོད་ལྡན་སྐྱེ་དངོས་འགོག་བཅོས་ཀྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་སྒྲིག་འཛུགས། ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱི་སྲིད་འཛིན་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།