འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་11ཉིན།

༄༅།།སྣོད་བཅུད་དཔལ་ཡོན་འཛུགས་སྤེལ་གཙོ་ཤུགས་དཔུང་སྡེའི་འགན་འཁྲི་འཁུར་སེམས་བཅངས་ནས་
མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་
སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་11ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་།
གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་། 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་5ཉིན། ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མཚོ་སྔོན་ཞིང་ཨུད་ཀྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་དོནའ་འཁྱོལ་སྔར་ལས་ལྷག་པར་བྱ་ཆེད།ཟླ་1ཚེས་4ཉིན་མཚོ་སྔོན་ཞིང་ཆེན་གྱིས་2021ལོའི་ལས་ཀའི་ཉིན་གྲངས་དང་པོའི་ནང་སྣོད་བཅུད་སྡེ་ཚན་གྱི་ལོ་འགོའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གཞི་རྩའི་བསམ་ཕྱོགས་ཁ་གསལ་བཟོས་པ་དང་། 2021ལོའི་སྣོད་བཅུད་ལས་དོན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། ཞིང་ཆེན་འགོ་འཛིན་གཞོན་པ་ལིའུ་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་སྡེ་ཚན་ལ་རེ་སྒུག་གསར་པ་དང་བླང་བྱ་གསར་པ་བཏོན་པ་དང་། ཞིང་ཆེན་རང་གི་གནས་ཚུལ་ངེས་གནས་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ། སྣོད་བཅུད་དཔལ་ཡོན་འཛུགས་སྤེལ་གཙོ་ཤུགས་དཔུང་སྡེའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་བཅངས་ནས་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
   གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་སྡེ་ཚན་རྣམས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཞིང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཚན་རིག་དང་མཐུན་པའི་རང་བྱུང་ལྟ་བ་དང་། ལྗང་མདོག་གི་འཕེལ་རྒྱས་ལྟ་བ།གཞི་རྩའི་དམངས་འཚོའི་ལྟ་བ། སྤྱི་ཡོངས་ཀྱི་རྒྱུད་རིམ་ལྟ་བ། དམ་ནན་གྱི་ཁྲིམས་སྐྱོང་ལྟ་བ།གོ་ལ་ཧྲིལ་པོ་མཉམ་རྒྱལ་གྱི་ལྟ་བ་བཅས་“རྒྱུན་འཁྱོངས་དྲུག་”གི་ཐོག་ནས་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ་སྣོད་བཅུད་་རིག་གནས་མ་ལག་དང་། སྣོད་བཅུད་དཔལ་འབྱོར་མ་ལགདམིགས་ཚད་དང་འགན་འཁྲིའི་མ་ལག སྣོད་བཅུད་དཔལ་ཡོན་ལམ་ལུགས་མ་ལག སྣོད་བཅུད་བདེ་འཇགས་མ་ལག་བཅས་གཞི་རྩའི་སྒྲོམ་གཞིའི་སྣོད་བཅུད་དཔལ་ཡོན་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་མཛུབ་སྟོན་དུ་འཛིན་དགོས། 
   ཚོགས་འདུའི་ཐོག་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་སྤྱིའི་བསམ་ཕྱོགས་ཁ་གསལ་བཟོས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་སྡེ་ཚན་རྣམས་ཀྱིས་ངེས་པར་དུ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གཏན་འབེབས་བྱས་པའི་“ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། སྤྱིའི་བཀོད་པ། དམིགས་འབེན་གཙོ་བོ། 2035ལོའི་རྒྱང་རིང་དམིགས་འབེན་བཅས་ལ་རྩེ་གཅིག་ཏུ་དམིགས་ནས་“ཕུལ་བྱུང་གཅིག་དང་མཐོན་པོ་་གཉིས་”ཀྱི་འཐབ་ཇུས་བཀོད་སྒྲིག་སྤྱིའི་རྩ་འཛིན་དུ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། “རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་དམ་འཛིན་བྱེད་པ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་ལ་གཞི་ཚུགས་པ།  “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུའི་“གཅིག་གཉིས་གསུམ་བཞི”བྱ་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་གཞིགས་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་དེ་སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས།
   ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་སྡེ་ཚན་རྣམས་ཀྱིས་དམིགས་ཚད་ཁ་གསལ་བཟོ་བ་དང་འགན་འཁྲི་ཏན་ཏིག་བསྒྲུབས་ནས་2021ལོའི་གཙོ་གནད་ལས་འགན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མུ་རི་གཏེར་ཁུལ་དང་དེ་བཞིན་རི་བོ་ཁྲི་ལེབ་ལྷོ་འདབས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ལེགས་པོ་བྱེད་པ།ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ལན་སྤྲོད་བྱས་པའི་གནད་དོན་དག་ཐེར་ཡོ་བསྲང་བྱ་རྒྱུ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་མུ་མཐུད་ལག་བསྟར། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་ལྗང་སྒྱུར་བྱ་བར་རྒྱུན་མཐུད་ངང་སྐུལ་སྤེལ། དྲུག་ལྔ་ཁོར་ཡུག་ཉིན་མོའི་དུས་ཀྱི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཆུ་ཚད་མཐོ་པོའི་སྒོ་ནས་སྤེལ་བ་བཅས་བྱེད་དགོས།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15834843.html)
མཚོ་སྔོན་པོ་མཛེས་ལྗོངས་ཁུལ།
མཚོ་སྔོན་པོ་མཛེས་ལྗོངས་ཁུལ།
མདོ་ལ་རི་བོ།
མདོ་ལ་རི་བོ།