འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་11ཉིན།

༄༅།།ཨ་ཀེན་ཐིན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་གྱིས་བརྗོད་དོན། ཀྲུང་གོའི“ཞིང་གསུམ”
ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ འཛམ་གླིང་གི་དོན་སྙིང་ལྡན་ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་11ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཨ་ཀེན་ཐིན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དང་རྒྱལ་ཁབ་ཀྱི་གྲོས་ཁང་གོང་མའི་བློ་འདྲི་བ་ལུའུ་ཁ་སི·ཀོར་ཏ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ཀྲུང་གོས་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་འདུག ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་རྒྱབ་ལྗོངས་འོག་སྔར་བཞིན་དུས་བཀག་ལྟར་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས་པ་དེ་ལས་སླ་པོ་ཞིག་མིན། གོ་ལ་ཧྲིལ་པོའི་ཐོག་གི་མི་འབོར་མང་ཤོས་ཡིན་པའི་རྒྱལ་ཁབ་ངོས་ནས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་ཐུབ་པ་དེར་འཛམ་གླིང་གི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
   ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་2020ལོའི་ཟླ་12ཚེས་28དང་29ཉིན་པེ་ཅིང་དུ་འཚོགས་ཤིང་། ཀོར་ཏ་ཡིས་ཚོགས་འདུ་དེ་ནས་ཀྲུང་གོས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་བརྡ་རྟགས་བཏང་ཡོད། བྱེད་སྟངས་དེ་ཧ་ཅང་ཡང་དག་པ་ཞིག་དང་གཟིགས་རྒྱང་རིང་བ་ཞིག་རེད། ཕྱིས་སུ་ཀྲུང་གོས་མུ་མཐུད་ནས་གྲོང་གསེབ་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པ། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་ཐོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།
   ཀོར་ཏ་ཡིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ཐད་རྒྱལ་ཁ་ཆེན་པོ་ཐོབ་པ་དེ“ཞིང་གསུམ”ལས་དོན་ལ་མཐོང་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད། ཀྲུང་གོས་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱས་པ་དང་གྲོང་གསེབ་ས་ཁུལ་མི་འབོར་གྱི་འཚོ་གནས་ཆ་རྐྱེན་ལེགས་སུ་བཏང་བའི་ངོས་འཛིན་བྱས་པ་རེད།