འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་7ཉིན།

༄༅།།སི་ཁྲོན་རྔ་པ་ཀྲོའུ་ཡིས་མཁའ་དབྱིངས་ནས་ནགས་སྲུང་ཐོག་མར་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་07ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ལས་འགན་གཙོ་བོ་ནི་ནགས་ཚལ་དང་རྩྭ་ཐང་གི་སྐོར་སྲུང་རེད” ཟླ་1ཚེས་1ཉིན་རྔ་པ་ཀྲོའུ་ཡིས་མཁའ་དབྱིངས་ནས་ནགས་སྲུང་དང་སྐོར་སྲུང་ཐོག་མར་བྱེད་འགོ་ཚུགས་ཤིང་། ཆུ་ཚོད་10་སྐར་མ་22ལ་གནམ་གྲུའི་འགོ་གཙོ་ཝང་ཡུས་ཀྱིས་སི་ཁྲོན་གཟི་ཚྭ་སྡེ་དགུ་སྤྱི་སྤྱོད་མཁའ་འགྲུལ་ཀུང་སིའི་མཁའ་འགྲུལ་གནམ་གྲུ་AS350གྱི་སྤྱོད་སྒོ་མང་བའི་ཐད་འཕུར་གནམ་གྲུ་བཏང་སྟེ་རྔ་པའི་ཧུང་ཡོན་གནམ་ཐང་ནས་གཏན་འཁེལ་བྱས་པའི་མཁའ་ལམ་ལམ་ཐིག་ལྟར་འབར་ཁམས་གྲོང་ཁྱེར་གསར་རྫོང་ཁུལ་དང་། རྫོང་འབུར་ཁུལ། བྲག་བར་ཁུལ་བཅས་སུ་མཁའ་དབྱིངས་སྐོར་སྲུང་གི་ལས་འགན་སྒྲུབ་པ་རེད།
   ཝང་ཡུས་ཀྱིས་མཁའ་དབྱིངས་ནགས་སྲུང་གི་ལས་འགན་ཐོག་མར་སྒྲུབ་མཁན་ཁྲོད་ད་དུང་གནམ་གྲུ་གཏོང་མཁན་གཞོན་པ་1དང་འཕྲུལ་སྒྲུབ་ལས་དོན་པ་1ཡོད་ཅིང་། ས་བབ་མཐོ་ཚད་སྨི་3600ཡི་ཧུང་ཡོན་གནམ་ཐང་ནས་ཐོན་རྗེས་ས་ངོས་ནས་སྨི་200ལྷག་ཙམ་གྱི་མཐོ་ཚད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ས་བབ་མཐོ་ཚད་སྨི་4000ལྷག་ཙམ་གྱི་རི་མཐོ་འཕྲད་སྐབས་གཞི་ནས་མཐོ་ཚད་སྨི་5100ཙམ་གྱི་སར་འཕུར་གྱི་ཡོད། གལ་ཏེ་དུ་བ་ཡོད་པ་ཤེས་ཚེ་ང་ཚོས་དེར་བཅར་ནས་ལྡིང་སྐོར་བརྒྱབ་སྟེ་མེ་ཁུངས་དང་མེའི་གནས་ཚུལ་སོགས་གཏན་འཁེལ་བྱེད་དགོས་པ་དང་། གནམ་གྲུའི་GPSབརྒྱུད་འབར་ས་གནས་ཚད་དང་མེའི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་ས་ངོས་ཀྱི་བཀོད་འདོམས་པུའུ་རུ་སྐུར་དགོས་ཞེས་ངོ་སྤྲོད་བྱས།