འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་6ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་2021ལོའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་
བཀོད་དེ། དམག་ཡོངས་ལ་དམག་སྦྱོང་འགོ་འཛུགས་རྒྱུའི་ སྐུལ་སློང་བཀའ་རྒྱ་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་06ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་4ཉིན་ཀྲུང་དབྱང་དམག་ཨུད་ཀྱི་2021ལོའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་ནས་དམག་ཡོངས་ལ་དམག་སྦྱོང་འགོ་འཛུགས་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་གནང་བ་རེད། བཀའ་རྒྱའི་ནང་དོན་ཆ་ཚང་གཤམ་གསལ།
   2021ལོར་དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར། ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུའི་དགོངས་དོན་ལག་བསྟར། ཏང་གིས་དམག་དོན་སྦྱོང་བརྡར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན། དམག་གྲབས་དམག་རྒྱག་ལ་དམིགས་པ། དམག་དོན་སྦྱོང་བརྡར་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམག་དོན་སྦྱོང་བརྡར་གྱི་མ་ལག་གསར་པ་བསྐྲུན་པ་བཅས་བྱས་ནས་སྦྱོང་བརྡར་དངོས་འཐབ་ཅན་གྱི་ཆུ་ཚད་དང་རྒྱལ་ཁ་ལེན་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།
   དངོས་འཐབ་དངོས་སྦྱོང་ཟབ་ཏུ་བཏང་ནས་དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་ཁྲིད་སྟོན་བྱེད་པ་དང་སྦྱོང་བརྡར་ལ་བརྟེན་ནས་དམག་འཐབ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། དམག་འཁྲུག་དང་དམག་རྒྱག་གི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དངོས་དཔེ་ཅན་གྱི་འགོག་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་དམག་རྒྱག་གི་ཆེད་རྒོལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། དམག་དོན་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། དམག་འཐབ་སྦྱོང་བརྡར་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། དམག་འཐབ་དང་སྦྱོང་བརྡར་གཞི་གཅིག་ཅན་མངོན་འགྱུར་བཅས་བྱས་ཏེ་དུས་རྟག་ཏུ་དམག་རྒྱག་གྲ་སྒྲིག་དང་དམག་རྒྱག་ཐུབ་པའི་འགན་ལེན་བྱེད་དགོས།
   མཉམ་འཐབ་མཉམ་སྦྱོང་ཟབ་ཏུ་བཏང་ནས་མཉམ་འབྲེལ་སྦྱོང་བརྡར་ལ་བརྟེན་ནས་དམག་རིགས་སྦྱོང་བརྡར་ལ་ཁྲིད་སྟོན་བྱེད་པ་དང་། དམག་རིགས་སྦྱོང་བརྡར་ལ་བརྟེན་ནས་མཉམ་འབྲེལ་སྦྱོང་བརྡར་ལ་འདེགས་སྐྱོར་བྱེད་པ། སྤྱི་ཡོངས་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་སྦྱོང་བརྡར་མངོན་གསལ་དོད་པོ་དང་། མཉམ་འབྲེལ་བཀོད་འདོམས་སྦྱོང་བརྡར་མངོན་གསལ་དོད་པོ། ས་ཁོངས་དང་དམག་རིགས་ལས་བརྒལ་བའི་མཉམ་འབྲེལ་ཆེད་དོན་སྦྱོང་བརྡར་མངོན་གསལ་དོད་པོ། དམག་དཔུང་དང་ས་གནས་དབར་གྱི་མཉམ་འབྲེལ་སྦྱོང་བརྡར་མངོན་གསལ་དོད་པོ། རང་རེའི་དམག་དཔུང་གི་ཁྱད་ལྡན་མཉམ་འབྲེལ་སྦྱོང་བརྡར་མ་ལག་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་གཞི་གཅིག་ཅན་གྱི་མཉམ་འབྲེལ་དམག་འཐབ་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་དགོས།
   ཚན་རྩལ་ལ་བརྟེན་ནས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་རྒྱུ་ཟབ་ཏུ་བཏང་ནས་ཚན་རྩལ་ནི་ལྟེ་བའི་འཐབ་ནུས་ཡིན་པའི་བསམ་བློར་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཚན་རྩལ་དང་ལྷག་པར་དུ་དམག་དོན་གྱི་ལག་རྩལ་མཐོ་བའི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གོ་མཚོན་གསར་པ་དང་། སྟོབས་ཤུགས་གསར་པ། ཁྱབ་ཁོངས་གསར་པ་བཅས་ཀྱི་སྦྱོང་བརྡར་དང་དམག་རྒྱག་མ་ལག་མཉམ་འདྲེས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ལད་མོ་ཅན་དང་། དྲ་རྒྱ་ཅན། འགོག་རྒོལ་རང་བཞིན་བཅས་ཀྱི་བྱེད་ཐབས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “ཚན་རྩལ+”དང“དྲ་རྒྱ+”སོགས་སྦྱོང་བརྡར་བྱེད་ཐབས་འཚོལ་ཞིབ་བཅས་བྱས་ཏེ་སྦྱོང་བརྡར་ཁྲོད་ཚན་རྩལ་འདུས་ཚད་ཆེས་ཆེར་མཐོ་རུ་གཏོང་དགོས།
   ཁྲིམས་ལྟར་སྦྱོང་བརྡར་བཅོས་སྐྱོང་བྱ་རྒྱུ་ཟབ་ཏུ་བཏང་ནས་སྦྱོང་བརྡར་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྦྱོང་བརྡར་འཆར་འགོད་འཆར་གཞི་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྦྱོང་བརྡར་གྱི་ཁྲིམས་སྲོལ་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྦྱོང་བརྡར་གྱི་ནང་དོན་བྱེད་ཐབས་གསར་གཏོད་བྱེད་པ། རྩ་གནད་ལྟར་སྦྱོང་བརྡར་ལག་བསྟར་ནན་པོ་བྱེད་པ། སྦྱོང་བརྡར་ལྟ་ཞིབ་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ། སྦྱོང་བརྡར་གྱི་དཔྱད་ཞིབ་ཚོད་སྐོར་འཐུས་སྒོ་ཚང་དུ་གཏོང་བ། སྦྱོང་བརྡར་བདེ་འཇགས་དང་སྔོན་འགོག་དང་ཚོད་འཛིན་དམ་འཛིན་ཡག་པོ་བཅས་བྱས་ཏེ་སྦྱོང་བརྡར་ནན་པོ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྦྱོང་བརྡར། བདེ་འཇགས་ངང་སྦྱོང་བརྡར་བཅས་ཕན་ཚུན་གཅིག་གྱུར་མངོན་འགྱུར་བྱེད་དགོས།
   དམག་ཡོངས་ཀྱི་བཀོད་འཐབ་པ་ཚོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་སྦྱོང་བརྡར་གྱི་སྤྱོད་ཚུལ་ཡོ་བསྲང་དང་། དམག་འཐབ་ཀྱི་སྙིང་སྟོབས་ལ་ཞུན་བརྡར་ཐུབ་པ། ཉམས་སད་ཐེག་པའི་ནུས་རྩལ་སྦྱོང་བརྡར་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་ལས་འགན་མཐའ་གཅིག་ཏུ་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས།