འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་30ཉིན།

༄༅།།མཚོ་སྔོན་པོར་དར་ཆགས་པའི་དུས་ལ་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་30ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་པོར་དར་ཆགས་པའི་དུས་ལ་སླེབས་པ།
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ཕྱི་ཕྱོགས་སུ་བསྟན་དོན། ཀྲུང་གོ་ནང་སའི་ཚྭ་ལྡན་མཚོ་ཆེ་ཤོས་ཏེ་མཚོ་སྔོན་པོ་དར་ཆགས་པའི་དུས་སུ་སླེབས་པ་དང་། དེ་ནི་ཉེ་བའི་ལོ་བཅུ་རིང་དང་བསྡུར་ན། འདིའི་སྔོན་ལ་མཚོ་སྔོན་པོའི་དྲོད་ཚད་མཐོ་བས་དར་ཆགས་པའི་དུས་ཉིན་11ལ་ནར་འགྱངས་བྱས་པ་རེད།  མཚོ་སྔོན་པོ་ནི་ཀྲུང་གོ་ནང་སའི་མཐོ་སྒང་གི་ཚྭ་མཚོ་ཆེ་ཤོས་དེ་ཡིན་ཞིང་། མཚོ་བོད་མཐོ་སྒང་ཤར་བྱང་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་བའི་ཆུའི་མ་ལག་གཙོ་བོ་དེ་ཡིན་ལ། ནུབ་རྒྱུད་བྱེ་ཐང་ཅན་དུ་འགྱུར་བ་དེ་ཤར་ཕྱོགས་སུ་བསྲིངས་པར་ཚོད་འཛིན་བྱེད་པའི་རང་བྱུང་གི་ཡོལ་བ་ཞིག་ཀྱང་རེད།    མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་གི་ཁྱད་ཆོས་དང་འཕོ་འགྱུར་ནི་ཚད་རིམ་མཐོན་པོའི་ཐོག་ནས་མཚོ་བོད་མཐོ་སྒང་གི་སྤྱི་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་འཕེལ་ཕྱོགས་མཚོན་ཡོད། ཚྭ་འདམ་གཤོང་ས་དང་གཙང་གསུམ་ཆུ་འགོ མདོ་ལ་རི་བོ་སོགས་ས་ཁུལ་ཚང་མ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་བཞིན་ཡོད། 
   ནམ་རྒྱུན་མཚོ་སྔོན་པོར་ཟླ་12པའི་ཟླ་དཀྱིལ་ལ་དར་ཆགས་འགོ་ཚུགས་ཤིང་། དེ་ནས་ཕྱིར་ལོའི་ཟླ་4པའི་ཟླ་དཀྱིལ་དུ་དར་ཡོངས་སུ་ཞུ་བ་དང་། དར་ཆགས་པའི་དུས་ཡུན་ནི་ཟླ་5ཡས་མས་ཡིན། 
   མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་སྲུང་སྐར་EOS/MODISདཔྱད་གཞི་ཡིག་ཆ་ལས་མངོན་གསལ། ཟླ་12ཚེས་24ཉིན། མཚོ་སྔོན་པོ་དར་ཆགས་པའི་རྒྱ་ཁྱོན་ནི་མཚོ་ངོས་ཀྱི་རྒྱ་ཁྱོན་ལས་10%བརྒལ་ནས་དར་ཆགས་འགོ་ཚུགས་ཡོད་པ་དང་། དར་ཆགས་འགོ་ཚུགས་པའི་དུས་ཚོད་ནི་ན་ནིང་དང་ལོ་སྔོན་མ་དག་དང་བསྡུར་ན་དུས་འགྱངས་ཡོད་ཅིང་། དྲོད་ཚད་ལ་འགྱུར་ལྡོག་བྱུང་བས་དར་ཡང་ཆགས་ཡང་ཞུ་བ་ནི་དར་ཆགས་པའི་དུས་ཡུན་ཕྱིར་འགྱངས་པའི་རྒྱུ་རྐྱེན་གཙོ་བོ་རེད། 
   EOS/MODISདཔྱད་གཞི་ཡིག་ཆ་ལས་མངོན་གསལ་ལྟར་ན། 2020ལོའི་ཟླ་11ཚེས་19ཉིན། མཚོ་སྔོན་པོའི་མཚོ་ངོས་སུ་འཁྱགས་པ་གཡེང་རྗེས། དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་མཚོ་ངོས་སུ་དར་ཞུ་བ་དང་དར་ཆགས་པ་ཕན་ཚུན་སྣོལ་བའི་རྣམ་པ་བྱུང་བ་རེད།
   མཚོ་སྔོན་པོའི་ཉེ་འགྲམ་གྱི་ཐེམ་ཆེན་དང་མདའ་བཞི། རྐང་ཚ། གསེར་ཆེན་བཅས་གནམ་གཤིས་ས་ཚུགས་4ཡི་དཔྱད་གཞི་ཡིག་ཆ་ལས་མངོན་གསལ་ལྟར་ན། ཉེ་བའི་ལོ་བཅུའི་རིང་དང་བསྡུར་ན། ཟླ་12པའི་ཟླ་སྟོད་དང་ཟླ་དཀྱིལ་དུ། མཚོ་སྔོན་པོའི་ཉེ་འགྲམ་དུ་དྲོད་ཚད་ནི་སྔོན་ལ་མཐོ་རུ་ཕྱིན་པ་དང་དེ་ནས་དམའ་རུ་ཕྱིན་ཡོད། དེ་ནི་མཚོ་ངོས་དར་ཆགས་པ་ལ་ཕན་ཐོགས་ཡོད། ཡིན་ནའང་། ཟླ་དཀྱིལ་རྗེས་སུ་གནམ་གཤིས་བཟང་ཞིང་། མཚོ་ངོས་དར་ཆགས་པའི་ཁུལ་ཡང་དྲོད་ཚད་དང་བསྟུན་ནས་དར་ཆགས་པ་ནས་དར་ཞུ་བ། དེ་ནས་དར་ཆགས་པ་བཅས་ཀྱི་རྣམ་པ་ཡང་ཡང་བྱུང་བས། དར་ཆགས་པའི་དུས་ཡུན་ནི་ན་ནིང་དང་ལོ་སྔོན་མ་དང་བསྡུར་ན་དུས་འགྱངས་བྱུང་བ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15834088.html)
༄༅།།མཚོ་སྔོན་པོར་དར་ཆགས་པའི་དུས་ལ་སླེབས་པ།