འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་29ཉིན།

༄༅།།མཚོ་སྔོན་གྱིས་བཙོག་འབུད་ཆོག་འཐུས་ཀྱི“ཕྱིར་མིག་ལྟ་བའི” ལས་དོན་ལ་སྐུལ་འདེད་ཏན་
ཏིག་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་29ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྣོད་བཅུད་ཁོར་ཡུག་པུའི་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་ཁྱོན་ཡོངས་ལ་ཁྱབ་པའི“ཕྱིར་མིག་ལྟ་བའི”ལས་དོན་གྱི་བླང་བྱ་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱིས་གྲལ་བཤེར་ཞིབ་ཕྲ་དང་། མཐིལ་རྟོགས་གསལ་པོ། སྤུས་ཚད་འགན་ལེན། ལྟེ་བ་གཏོད་པ་བཅས་བྱས་ཏེ། བཙོག་འབུད་ཆོག་འཐུས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་ཕྱོགས་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།
   བཙོག་འབུད་ཆོག་འཐུས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ཆེད། ཞིང་ཆེན་ཡོངས་ཀྱིས་སྔ་སྣུར་དུ་བཀོད་སྒྲིག་དང་ལས་ཀའི་ཇུས་གཞི་ཞིབ་ཚགས་བཟོས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་2020ལོའི་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་ཕྱོགས་ཡོངས་ལ་ཁྱབ་པའི“ཕྱིར་མིག་ལྟ་བའི”ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་པ་དང་། “ཕྱིར་མིག་ལྟ་བའི”ལས་དོན་གྱི་ལས་འགན་དང་། བླང་བྱ། ནང་དོན། དུས་བཀག འགན་ལེན་བྱ་ཐབས་སོགས་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ་ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ) རྫོང(ཆུས)རིམ་པ་གསུམ་གྱི་སྤུས་ཚད་འགན་ལེན་ལས་དོན་ལམ་སྲོལ་བཙུགས་ནས་ཐོ་བཀོད་གསལ་ཐོ་འཐུས་ཚང་རང་བཞིན་དང་། རིགས་དབྱེ་ཡང་དག་རང་བཞིན། ལག་ཁྱེར་སྤྲོད་པའི་ཐོ་བཀོད་སྲོལ་མཐུན་རང་བཞིན་བཅས་ཞིབ་བཤེར་བྱས་ཏེ། “ཕྱིར་མིག་ལྟ་བའི”ལས་དོན་ལ་བརྟེན་ནས་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཚན་པར་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་བཙོག་འབུད་ཆོག་འཐུས་ལག་ཁྱེར་དཔྱད་སྤྲོད་དང་ཐོ་བཀོད་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་ཀྱི་ལྟེ་བའི་དོ་དམ་ལམ་ལུགས་དངོས་སུ་བཙུགས་པ་རེད།
   དེ་དང་དུས་མཚུངས། ལས་དོན་གྱི་སྤུས་ཚད་འགན་ལེན་བྱ་ཆེད། ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས་སྣོད་བཅུད་ཁོར་ཡུག་པུའུ་ཡིས་གསལ་འགྲེལ་བྱས་པའི“ཞིང་ཆེན་རེར་ཐོ་བཀོད་གསལ་ཐོ་རེའི”རྨང་གཞིའི་ཐོག ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་སླར་ཡང་མཐུན་སྦྱོར་བྱས་ནས་རྣམ་གྲངས་ཀྱི་གྲབས་ཐོ་དང་། བཙོག་འབུད་ཁྲལ་བསྡུ། ཐོན་སྐྱེད་རྣམ་པའི་གློག་སྤྱོད་ཁེ་ལས་ཀྱི་གསལ་ཐོ་བཅས་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་པ་དང་། རང་བརྟེན་ཞིབ་བཤེར་རྩིས་ལེན་ལས་སྟེགས་སྤྱོད་པ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་གཏེར་ལས་ཁེ་ལས་ལ་གྲལ་བཤེར་ཆེན་པོ་བྱས་པ་སོགས་ཀྱི་ཆ་འཕྲིན་གསལ་ཐོ་ཁྲི་2.2ཕྱོགས་བསྡུས་བྱས་ནས་དུས་ཐོག་ཏུ་གསལ་ཐོ་དག་རིགས་དབྱེ་སྟེ་གྲོང་ཁྱེར(ཀྲོའུ)ཁག་ལ་བཀྲམས་ནས་མ་ལག་ནང་གི་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་གསལ་ཐོ་དང་བསྡུར་བ་དང་། ས་ཆ་དངོས་སུ་ཞིབ་བཤེར་དང་ཟུང་འབྲེལ་གྱིས་རེ་རེ་བཞིན་ཞིབ་དཔྱད་བྱེད་པ། ཞིང་ཆེན་དང་ཐིང་གིས་འཐེན་བཤེར་བྱས་ནས་བསྐྱར་ཞིབ་བྱས་ཏེ་འགུལ་རྣམ་གསལ་ཐོའི་གྲངས་གཞི་གསར་དུ་བརྗེ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་དང་། མཐར་ཁེ་ལས་186གསར་སྣོན་བྱས་ཡོད།