འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་28ཉིན།

༄༅༎རྒན་ཡོལ་ཞུས་པའི་དང་བླངས་སྨན་པ་སྨན་གླིང་རྫོང་དུ་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་28ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རྒན་ཡོལ་ཞུས་པའི་དང་བླངས་སྨན་པ་སྨན་གླིང་རྫོང་དུ་བསྐྱོད་པ།
     ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་དང་བླངས་སྨན་པས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་མཉམ་དུ་སྨན་གླིང་རྫོང་དུ་བསྐྱོད་ནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་ཏེ་ནད་ལྟ་མཁན་ཞིང་འབྲོག་མང་ཚོགས་150ལྷག་ཙམ་ལ་སྨན་བཅོས་སོགས་བྱས་ཁར། འགྲོ་སྐྱོད་སྟབས་བདེ་མེད་པའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ནད་ལྟ་བ་དང་སྨན་སྤྲོད་པ་སོགས་ཀྱང་བྱས་ཤིང་། ཐེངས་འདིར་སྒོར་10000རི་བའི་སྨན་རྫས་རིན་མེད་ངང་སྤྲད་པ་རེད། གཞན་ཡང་། ཁོང་ཚོས་ཞིང་འབྲོག་མང་ཚོགས་ལ་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་གཞི་རྩའི་བདེ་སྲུང་ཤེས་བྱ་ཁོང་དུ་ཆུད་པར་བྱས་ཏེ་ཁོང་ཚོའི་གཟུགས་གཞི་བདེ་ཐང་ཆེད་ཞབས་འདེགས་ཧུར་ཐག་ཞུས་པ་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་དང་བླངས་སྨན་པས་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བཀྲ་ཤིས་གྲོང་གསར་དུ་གྲོང་མིར་འོས་འགན་སྨན་བཅོས་བྱེད་བཞིན་པ།