འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་25ཉིན།

༄༅༎2020ལོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་པོ་ཨའོ་རྒྱལ་སྤྱིའི་དབུ་ཚོགས་ཐོག་བོད་ལྗོངས་རི་བོ་ཆེ་རྫོང་ལ་བྱ་དགའ་ཆེན་པོ་གསུམ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་25ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར“2020ལོའི་ཀྲུང་གོའི་གྲོང་གསེབ་མཛེས་ཤོས་བཅུ”ཞེས་པའི་མཚན་སྙན་ཐོབ་པའི་རྣམ་པ་ཡིན།
འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར“2020ལོའི་ཀྲུང་གོའི་གྲོང་གསེབ་མཛེས་ཤོས་བཅུ”ཞེས་པའི་མཚན་སྙན་ཐོབ་པའི་རྣམ་པ་ཡིན།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་12ཚེས་22ཉིན། 2020ལོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་པོ་ཨའོ་རྒྱལ་སྤྱིའི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ཧའེ་ནན་ཞིང་ཆེན་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད།
     ད་ཐེངས་ཀྱི་ཚོགས་འདུའི་ཐོག“གྲོང་གསེབ་དར་རྒྱས་དང་མཛེས་སྡུག་མཉམ་སྤྱོད”ཅེས་པ་དམིགས་ཡུལ་དུ་བྱས་ནས་ད་ལོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། བློ་ཐག་རྦད་བཅད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་ཁ་ལེན་ཐབས་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་འབེན་སོགས་ཀྱི་ནང་དོན་ལ་དམིགས་པ་རེད།
     ད་ཐེངས་ཀྱི་དབུ་ཚོགས་ཐོག་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ལ་བྱ་དགའ་ཆེན་པོ་གསུམ་ཐོབ་ཡོད་དེ། རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར“2020ལོའི་ཀྲུང་གོའི་གྲོང་གསེབ་མཛེས་ཤོས་བཅུ”ཞེས་པ་ཐོབ་པ་དང་། རི་བོ་ཆེ་རྫོང་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་པོ་ཨའོ་རྒྱལ་སྤྱིའི་དབུ་ཚོགསཀྱི“ལས་འཛིན་ཚན་པ”ཐོབ་པ། རི་བོ་ཆེའི་ཚགས་ཤའི་མུ་འབྲེལ་ཐོན་རྫས་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་པོ་ཨའོ་རྒྱལ་སྤྱིའི་དབུ་ཚོགས་ཀྱི“འོས་སྦྱོར་ཐོན་རྫས་གྲགས་ཅན”ཞེས་པ་ཐོབ་པ་བཅས་རེད། འགོ་ཚུགས་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་འབྲེལ་ཡོད་ཞིང་ལས་ཁྱད་ལྡན་ཐོན་རྫས་ལ་འོས་སྦྱོར་ངོ་སྤྲོད་བྱས་པ་རེད།
     རི་བོ་ཆེ་རྫོང་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད་ཅིང་། དེ་གར་མཐོ་ཞིང་བརྗིད་པའི་གངས་རི་དང་། གདོད་མའི་ནགས་ཚལ་སྟུག་པོ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། བརྗིད་ཉམས་ཆེ་བའི་ཆུ་བོ་བཅས་ཡོད། འབྲོག་ལས་ཀྱིས་གཙོ་བོ་བྱེད་པའི་རོང་མ་འབྲོག་རྫོང་ཞིག་གི་ངོས་ནས་རི་བོ་ཆེ་རྫོང་ལ་འབྲོག་ལས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྤུས་ཚད་ལེགས་པའི་ལེགས་ཆ་ལྡན་ཡོད།
     དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན། རི་བོ་ཆེ་རྫོང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ནས“གནད་སྨིན་དྲུག”དང“ཁག་གཅིག་ལྔ”སོགས་ཀྱི་ལས་ཀའི་བླང་བྱ་ལྟར་ཐོན་ལས་དབུལ་སྐྱོར་སོགས་དབུལ་སྒྲོལ་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་དབུལ་པོ་དབུལ་ནག་མེད་པར་བཟོ་བའི་སྔོན་དཔག་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་བྱས་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833731.html)
【1】  【2】
འདི་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་པོ་ཨའོ་རྒྱལ་སྤྱིའི་དབུ་ཚོགས་ཀྱི“ལས་འཛིན་ཚན་པ”ཐོབ་པའི་རྣམ་པ་ཡིན།
འདི་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་པོ་ཨའོ་རྒྱལ་སྤྱིའི་དབུ་ཚོགས་ཀྱི“ལས་འཛིན་ཚན་པ”ཐོབ་པའི་རྣམ་པ་ཡིན།