འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་25ཉིན།

༄༅༎ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ།
《དམག་དཔུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་སྲོལ་ཡིག》ཡོངས་བསྒྲགས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་25ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟཌ་བཀོད་ནས《དམག་དཔུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་སྲོལ་ཡིག》ཡོངས་བསྒྲགས་གནང་ཞིང་། 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
     《སྲོལ་ཡིག》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས“དམག་ཨུད་ཀྱིས་སྤྱི་ཡོངས་ལ་དོ་དམ་དང་། གཡུལ་སས་དམག་འཐབ་གཙོ་བོ་བྱེད་པ། དམག་རིགས་ཀྱིས་འཛུགས་སྐྱོང་གཙོ་བོ་བྱེད་པ”བཅས་ཀྱི་སྤྱིའི་རྩ་དོན་གཞིར་བཟུང་། དམག་དཔུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཁོངས་གཏོགས་ཡང་བསྐྱར་གཏོད་པ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་གི་འབྲེལ་བ་ལེགས་སྒྲིག་བྱེད་པ། རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དམག་དཔུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་། དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་སྟོབས་ཆེན་འཛུགས་སྐྲུན་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱེད་པ། དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ལག་བསྟར་ནུས་ལྡན་བྱེད་པ་བཅས་ཀྱི་ཆེད་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས།
     《སྲོལ་ཡིག》ནང་སྤྱིའི་དོན་ཚན་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་སྒྲིག་སྲོལ། དམག་དོན་བྱ་སྤྱོད་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་། རྒྱུན་གཏན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དམག་གྲབས་དང་སྦྱོང་བརྡར། རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན། རྒྱབ་ཕྱོགས་མཁོ་སྒྲུབ་དོ་དམ། ཞར་བྱུང་དོན་ཚན་བཅས་ཁྱོན་ས་བཅད་8དང་དོན་ཚན་40ལ་དབྱེ་བ་ནི་རྒྱབ་ཕྱོགས་མཁོ་སྒྲུབ་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་གཙོ་བོ་ཞིག་རེད། 《སྲོལ་ཡིག》དེ་དམག་འཁྲུག་གི་རྣམ་པ་འཕེལ་རྒྱས་དང་འགན་འཁྲི་དང་ལས་འགན་རྒྱ་སྐྱེད་གཏོང་བ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་དེ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་ནང་མཉམ་འདྲེས་བྱེད་པའི་ལམ་ལུགས་དང་ལམ་སྲོལ་སྔར་བས་ལེགས་སྒྲིག་བྱེད་པ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་བཀོད་འདོམས་དང་འགན་སྲུང་འབྲེལ་བ་གསར་པ་ཚད་ལྡན་དུ་གཏོང་བ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་བྱེད་སྟངས་གསར་གཏོད་ཀྱིས་འདོན་པ། འགན་སྲུང་བྱ་སྤྱོད་སྒྲིག་འཛུགས་ལག་བསྟར་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དམག་གྲབས་ཀྱི་ཆུ་ཚད་མཐོ་རུ་དང་འགན་སྲུང་ལ་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་ནུས་ལྡན་གཏོང་བར་འཚམ་པོ་ཡོད། 《སྲོལ་ཡིག》ནང་རྒྱབ་ཕྱོགས་མཁོ་སྒྲུབ་ཚད་གཞི་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། སྤྱི་ཚོགས་ཅན་བཅས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་དང་དེང་རབས་ཀྱི་དམག་དོན་ཟོག་འགྲེམས་མ་ལག་འཛུགས་སྐྱོང་གི་ནང་དོན་དང་། ལས་འགན་ཁག་བགོས། དམིགས་ཚད་བླང་བྱ་བཅས་ཚད་ལྡན་དུ་གཏོང་བ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དང་འཛུགས་སྐྲུན་དང་དོ་དམ་སོགས་འབྲེལ་ཡོད་ལམ་ལུགས་ཇུས་འགོད་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་ལུགས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་གྲུབ་འབྲས་གསར་གཏོད་དང་སྲ་བརྟན་དུ་བཏང་ནས་སྒྱུར་བཅོས་ཀྱི་ཕན་འབྲས་དེ་དམག་འཐབ་ནུས་པ་དང་འགན་སྲུང་ནུས་པར་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བསྟན་ཡོད།