འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་22ཉིན།

༄༅༎ཕུར་བུ་དོན་གྲུབ་ཀྱིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་22ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཕུར་བུ་དོན་གྲུབ་ཀྱིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་པ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཆབ་མདོ་ཚགས་པར་ཁང་གི་སྐད་འཕྲིན་སྤྱི་སྟེགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོད་དོན་ཏེ་བློ་མཐུན་ཕུར་བུ་དོན་གྲུབ་ཀྱིས་ཆབ་མདོ་གྲོང་ཨུད་ཀྱི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
     བློ་མཐུན་ཕུར་བུ་དོན་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།
ཕུར་བུ་དོན་གྲུབ། སྐྱེས་པ། བོད་རིགས། 1972ལོའི་ཟླ་11པར་བོད་ལྗོངས་རྒྱལ་རྩེ་ནས་སྐྱེས། 1996ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། 1996ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རིམ་ལྡན།
     1991.09——1996.07 བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་གི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་སུ་སློབ་སྦྱོང་བྱས།(དེའི་རིང་། 1995.07——1996.07བར་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བྱས།)
     1996.07——1999.03 བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རྩ་འཛུགས་ཁྲུའུ་ཡི་ཁོ་ཡོན་བྱས།(དེའི་རིང་། 1998.03——1999.03བར་བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་ཐེབ་སྐྱབས་ཤང་དུ་དབུལ་སྐྱོར་སྦྱོང་བརྡར་བྱས)
     1999.03——2000.11 བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རྩ་འཛུགས་ཁྲུའུ་ཡི་ཀྲུའུ་རེན་གཞོན་པའི་ཁོ་ཡོན་བྱས།
     2000.11——2002.08 བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རྩ་འཛུགས་ཁྲུའུ་ཡི་ཀྲུའུ་རེན་ཁོ་ཡོན་བྱས།(དེའི་རིང་། 1999.03——2001.11བར་བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་ཐེབ་སྐྱབས་ཤང་ཏང་ཨུད་ཧྲུའུ་ཅི་གཞོན་པར་གནས་སྦྱར་བྱས་པ།)
     2002.08——2002.10 བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འོས་མི་བྱས།
     2002.10——2003.07 བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བྱས། 
     2003.07——2004.09 བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་གཞུང་གི་རྫོང་དཔོན་གཞོན་པ་བྱས།
     2004.09——2005.02 བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་། སྲིད་གཞུང་གི་རྫོང་དཔོན་གཞོན་པ་བྱས།
     2005.02——2005.04 བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་། སྲིད་གཞུང་གི་རྫོང་དཔོན་གྱི་འོས་མི་བྱས།
     2005.04——2010.10 བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་། སྲིད་གཞུང་གི་རྫོང་དཔོན་བྱས།(དེའི་རིང་། 2003.09——2006.07བར་སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་དུ་བཟོ་ཚོང་དོ་དམ་ཆེད་ལས་སློབ་སྦྱོང་བྱས་པ་དང་། 2009.03——2009.09ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུས་ཀྱི་རྒྱལ་ཡོངས་གཞི་རིམ་གཞུང་ལས་ཁང་གི་ཀྲུའུ་རེན་ལས་རོགས་ལ་ལས་སྦྱར་བྱས།)
     2010.10——2012.04 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲོན་ཡོན་གཞོན་པ་བྱས།
     2012.04——2012.06 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཨུ་ཡོན་དང་དྲུང་ཡིག་ཆེན་མོ་བྱས།
     2012.06——2013.08 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ། ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་བྱས།
     2013.08——2014.02 བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
     2014.02——2015.06 བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བྱས།
     2015.06——2016.05 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྷོ་ཁ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཀྲོན་ཡོན་བཅས་བྱས།
     2016.05——2020.06 བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཨུད་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲི་ཀྲང་བཅས་བྱས།
     2020.06 བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833417.html)