འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་22ཉིན།

༄༅༎སི་ཁྲོན་དཀར་མཛེས་ཀྲོའུ་ཡིས། མཉམ་འབྲེལ་ཁྲིམས་བསྟར་ཞིབ་བཤེར་ལ་བརྟེན་ནས་གྲང་ཕྲེང་བཟའ་བཅའི་
བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་22ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་བསྟུད་མའི་རིང་། སི་ཁྲོན་དཀར་མཛེས་ཀྲོའུ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དཀར་མཛེས་ཀྲོའུ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། དཀར་མཛེས་ཀྲོའུ་ཞིང་འབྲོག་གྲོང་གསེབ་ཅུས། དཀར་མཛེས་ཀྲོའུ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས། དཀར་མཛེས་ཀྲོའུ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་བཅས་དང་མཉམ་འབྲེལ་ཐོག་ཁྲིམས་བསྟར་ཚོགས་ཆུང་བཙུགས་ཏེ། ལྕགས་ཟམ་རྫོང་དང་དུང་དཀར་ལུང་གཞུང་ས་ཆ་གཉིས་ཀྱི་གྲང་ཕྲེང་བཟའ་བཅའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཡུལ་དངོས་སུ་ཞིབ་བཤེར་དང་། གྲང་ཕྲེང་བཟའ་བཅའི་ཐོན་སྐྱེད་དང་། ཚོང་གཉེར། གསོག་ཉར། དབོར་འདྲེན་སོགས་ཀྱི་ལྷུ་ཚིགས་སུ་ཏོག་དབྱིབས་ནད་དུག་གསར་པ་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་སྔར་བས་དོན་འཁྱོལ་བྱེད་པ། གྲང་ཕྲེང་བཟའ་བཅའི་སྦྲེལ་ཐག་ཡོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ་ཀྲོའུ་ཡོངས་ཀྱི་གྲང་ཕྲེང་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།
     མཉམ་འབྲེལ་ཁྲིམས་བསྟར་ཚོགས་ཆུང་གིས་མངོན་བཤེར་ལྐོག་འདྲི་དང་། ཡུལ་དངོས་སུ་ཞིབ་བཤེར་འཐེན་བཤེར། དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་སོགས་ཀྱི་བྱེད་སྟངས་བརྒྱུད་ལྕགས་ཟམ་རྫོང་དང་དུང་དཀར་ལུང་གཞུང་ས་ཆ་གཉིས་ཀྱི་གྲང་ཕྲེང་བཟའ་བཅའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ཚུལ་དང་འཁོར་རྒྱུག་བྱེད་ཚུལ་དང་། གྲང་ཕྲེང་བཟའ་བཅའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཚུལ། “སི་ཁྲོན་གྲང་ཕྲེང”ལས་སྟེགས་བཀོལ་སྤྱོད་བྱེད་ཚུལ། གྲང་ཕྲེང་བཟའ་བཅའི་ཚོང་གཉེར་གྲང་མཛོད་དང་། ཞིང་ཟོག་ཁྲོམ་ར། སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཞབས་ཞུའི་ཚན་པ། སྡེབ་ཚོང་ཚན་པ། སྐྱེལ་འདྲེན་ཚན་པ། ཕག་པ་དམིགས་བཙུགས་བཤས་གཏོང་བྱ་ཡུལ་བཅས་ལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག་ཞིབ་བཤེར་གནས་ཚུལ་ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཁྲོམ་ར་ལྟ་འདོམས་ཚོགས་ཆུང་ལ་བརྡ་ལན་སྤྲད་ཡོད། མཉམ་འབྲེལ་ཁྲིམས་བསྟར་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་ཁག་ལ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན། གྲང་ཕྲེང་བཟའ་བཅའ་ཐོན་སྐྱེད་ཚོང་གཉེར་ཚན་པས་ལས་སྒྲུབ་མི་སྣའི་འགོག་སྲུང་དང་ས་གནས་ཀྱི་དུག་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བཅས་བྱེད་པ་བརྒྱུད། གྲང་ཕྲེང་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་ཁྲིམས་བསྟར་ནང་གྲང་ཕྲེང་བཟའ་བཅའི་ཚོང་གཉེར་བཟའ་བཏུང་ཞབས་ཞུ་ཚན་པ་2དང་། སྒོ་རྩིས་ཚོང་ཁང་3 སིལ་ཚོང་ཚན་པ་2 སྡེབ་ཚོང་ཚན་པ་1 ཐོ་འགོད་སྙན་སེང་ཟ་ཁང་ཆུང་ངུ་1 ཞིང་ཟོག་ཁྲོམ་ར་2 བཤས་ར་1 སྐྱེལ་འདྲེན་ཚན་པ་1བཅས་ལ་ཞིབ་བཤེར་བྱས་པ་རེད།