འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་19ཉིན།

༄༅༎དགུན་དུས་བྲེལ་བརྩོན་ཆེན་པོས་མྱ་ངམ་ཐང་དུ་ཨར་པོ་རྒྱག་བཞིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་19ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དགུན་དུས་བྲེལ་བརྩོན་ཆེན་པོས་མྱ་ངམ་ཐང་དུ་ཨར་པོ་རྒྱག་བཞིན་པ།
     གྲང་ངར་ཆེ་བའི་དགུན་དུས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཁོངས་ཀྱི་ཧབ་ཚོང་རིན་གོང་ཆན་ཝ་ཁྲི་160ཡི་འོད་ཤུགས་རྣམ་གྲངས་ཛ་དྲག་ངང་བསྐྲུན་ཏེ་སྔ་ཙམ་དྲ་གློག་སྦྲེལ་ནས་གློག་གཏོང་བའི་འགན་ལེན་བྱེད་བཞིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་འཐབ་ཇུས་དམིགས་ཚད་དུ་བྱས་ནས་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེའི་ནུས་རྒྱུའི་རྟེན་གཞི་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། ད་བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བསྐྱར་སྐྱེའི་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་བའི་གཞི་ཁྱོན་ཆན་ཝ་ཁྲི་1500ལྷག་ཟིན་ཞིང་། འདི་ནི་ཟླ་12ཚེས་15ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཧབ་ཚོང་རིན་གོང་ཆན་ཝ་ཁྲི་30ཡི་འོད་ཤུགས་རྣམ་གྲངས་ཀྱི་ལས་ཡུལ་དུ་བཟོ་པ་ཞིག་གིས་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།