འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་17ཉིན།

༄༅།།སྣུམ་རིན་བསྟུན་མར་ཐེངས་གསུམ་འཕར་རྒྱུ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་17ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྣུམ་རིན་བསྟུན་མར་ཐེངས་གསུམ་འཕར་རྒྱུ།
    མི་དམངས་དྲ་བའིའ་ཕྲིན། ཟླ་12ཚེས་17ཉིན། རླངས་འཁོར་བདག་པོ་ཚོས་གཟའ་འཁོར་འདིའི་གཟའ་པ་སངས་སྔོན་དུ་སྣུམ་སྒམ་གང་བརྒྱབ་ཆོག་གི་ཡོད། ཟླ་12ཚེས་17ཉིན་གྱི་ཆུ་ཚོད་24པའི་ཐོག་རྒྱལ་ནང་གི་སྣུམ་གྲུབ་མའི་རིན་གོང་སྙོམས་སྒྲིག་བྱེད་སྒོ་སླར་ཡང་འགོ་ཚུགས་རྒྱུ་རེད། སྒྲིག་གཞིས་སྣུམ་རིན་བསྟུད་མར་ཐེངས་གསུམ་འཕར་རྒྱུའི་སྔོན་དཔག་བྱས་པ་དང་། སྣུམ་སྒམ་ཧྲེང་50ཟིན་པའི་སྒེར་འཁོར་ནང་སྣུམ་སྒམ་གང་བརྒྱབ་པར་ཧ་ལམ་སྒོར་5.5མང་དུ་སྤྲོད་དགོས།
    ཉེ་ཆར། འཛམ་གླིང་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་རྣམ་པ་འགྱུར་ལྡོག་མི་ཡོང་བས་ཡོ་རོབ་རྒྱལ་ཁབ་མང་པོས་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ་རེད། འོན་ཀྱང་རྒྱལ་ཁབ་མང་པོ་ཞིག་གིས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བ་བསྟུད་མར་སྤེལ་བས། མ་བཅོས་རྡོ་སྣུམ་ཁྲོམ་རའི་དེ་སྔའི་སེམས་ཁྲལ་བསལ་བ་རེད། དེ་མིན། ཨོ་ཕེ་ཁེའི་རེས་སྐོར་ཀྲུའུ་ཞིས་ཨོ་ཕེ་ཁེས་ཐོན་འཕར་ཡོང་རྒྱུར་བྲེལ་བ་མི་བྱེད་རྒྱུ་བསྐྱར་བཤད་བྱས་པ་དེས་ཁྲོམ་རའི་ཡིད་ཆེས་ཇེ་བརྟན་དུ་བཏང་ཡོད་པ་དང་། རྒྱལ་སྤྱིའི་སྣུམ་གོང་གཡོ་འགུལ་ཆུང་དུ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་ནས་རྒྱལ་ནང་གི་སྣུམ་རིན་དཔྱད་གཞིར་འགྱུར་ཕྱོད་དྲང་ཕྱོགས་སུ་འཕར་ཆག་ཡོང་གི་ཡོད་པ་རེད།
   ཅིན་ལེན་གསར་གཏོད་ཀྱིས་ཚད་ལེན་ཚོད་རྩིས་བྱས་པར་ལྟར་ན། ཟླ་12ཚེས་16ཉིན་བར(རེས་སྐོར་འདིའི་རིན་གོང་སྙོམས་སྒྲིག་དུས་འཁོར་གྱི་ལས་ཞག་དགུ་པ)མ་བཅོས་རྡོ་སྣུམ་གྱི་སྣ་ཁ་རེའི་ཆ་སྙོམས་རིན་གོང་(སྒམ་གང་)ཨ་སྒོར་49.19ཡིན་པ་དང་། འགྱུར་ལྡོག་འགྲོ་ཚད་4.84%ཟིན་པ་དང་དེ་མཚུངས་ཀྱི་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་ཚོང་རིན་གོང་ཏུན་རེར་སྒོར་145མཐོ་རུ་བཏང་ཡོད།
   ལུང་ཀྲུང་དཔྱད་ཡིག་ཆ་འཕྲིན་ལས་མཚོན་རྒྱུར། མིག་སྔར་ཧྲན་ཏུང་ས་ཁུལ་གྱི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པའི་སྣུམ་སྣོན་ས་ཚིགས་ཀྱི་རླངས་སྣུམ་ཨང་92དང་རླངས་སྣུམ་ཨང་95ཡི་རིན་གོང་ཧྲེང་རེར་སྒོར་5.73དང་།ཧྲེང་རེར་སྒོར་6.15ཡིན་པ་དང་། རེས་སྐོར་འདིའི་སིལ་ཚོང་རིན་གོང་མཐོ་རུ་གཏོང་ཚད་ཧྲེང་རེར་སྒོར་0.11ཙམ་ཡིན་རྒྱུ་དང་། སྤྱིར་བཏང་དུ་སྒེར་གྱི་རླངས་འཁོར་ལ་སྣུམ་ཧྲེང་50བརྒྱབ་ན་ཧ་ལམ་སྒོར་5.5ཙམ་མང་དུ་སྤྲོད་དགོས།
   ཅིན་ལེན་གསར་གཏོད་ཀྱིས་ཚད་ལེན་ཚོད་རྩིས་བྱས་པར། ཅིག་བྱས་ན་རྒྱལ་སྤྱིའི་སྣུམ་རིན་ལ་གཡོ་འགུལ་ཆེན་པོ་ཐེབས་རྒྱུ་རེད། ལུང་ཀྲུང་དཔྱད་ཡིག་ཆ་འཕྲིན་གྱི་སྣུམ་བཅོས་དབྱེ་ཞིབ་དགེ་རྒན་ལི་ཡན་གྱིས། རེས་སྐོར་རྗེས་མའི་རིན་གོང་སྙོམས་སྒྲིག་བྱ་བ་དེ་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་24པའི་ཐོག་འགོ་འཛུགས་རྒྱུ་ཡིན་ཞིང་། ཉེ་དུས་རྒྱལ་སྤྱིའི་མ་བཅོས་རྡོ་སྣུམ་ཁྲོམ་རའི་ཕན་པའི་རྒྱུ་རྐྱེན་སྔར་བཞིན་འདང་ངེས་ཡོད་པས། སྔོན་དཔག་བྱས་ན་རེས་སྐོར་རྗེས་མའི་སྣུམ་གྱི་རིན་གོང་ཇེ་མཐོར་འགྲོ་བའི་སྲིད་ཕྱོད་ཅུང་ཆེ་བ་ཡོད་ཅེས་བསྟན།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832988.html)