འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་16ཉིན།

༄༅༎དབུལ་སྒྲོལ་ལམ་གྱི་ལས་རོགས་བཟང་པོ“ཅིན་ཀན་ས་གནས་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་16ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཀྲའོ་ཧྥེ་དང་ལི་ཅང་ཁུ་ཡི་ཚན་པ་མི་འདྲ་བ་དང་ཆེད་ལས་མི་འདྲ་མོད། ཁོ་གཉིས་ལ་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་དེ་ནི་ཐེན་ཅིན་གྲོང་ཁྱེར་ཚན་རྩལ་ཅུས་དང་ཀན་སུའུ་ཞིང་ཆེན་ཚན་རྩལ་ཐིང་གིས་མཉམ་དུ་གཏན་འཁེལ་བྱས་པའི“ཅིན་ཀན་ས་གནས་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ”རེད།
     2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡིན་པ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ལས་དོན་སྤེལ་རིང་། ཐེན་ཅིན་གྲོང་ཁྱེར་ཚན་རྩལ་ཅུས་དང་ཀན་སུའུ་ཞིང་ཆེན་ཚན་རྩལ་ཐིང་གིས“ཅིན་ཀན་ས་གནས་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ”ཁག་དང་པོར་ཁྱོན་མི་145མཉམ་དུ་གཏན་འཁེལ་བྱས་ནས། ཀན་སུའུ་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་མཁོ་འདོན་བྱས་ཡོད།
     “‘ཅིན་ཀན་ས་གནས་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ’145ནི་ཐེན་ཅིན་དུ་ཡོད་པའི་ཀྲུང་དབྱང་གི་ཚན་པ་དང་དེ་བཞིན་ཐེན་ཅིན་གྱི་མཐོ་སློབ་དང་ཚན་ཞིབ་ཁང་སོགས་ཚན་པ་ནས་རེད། ཁོ་ཚོས་ཀན་སུའུ་ཡི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་བཅས་ལ་དམིགས་ནས་ཞབས་འདེགས་ཞུ་ཡི་ཡོད”ཅེས་ཐེན་ཅིན་གྲོང་ཁྱེར་ཚན་རྩལ་ཅུས་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་གསེབ་ཚན་རྩལ་ཁྲུའི་ཁྲུའུ་ཀྲང་ལིའུ་ཅན་ཅུན་གྱིས་བཤད།
     ནས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡི་འབྲུ་རིགས་ལོ་ཏོག་གཙོ་བོ་རེད། འོན་ཀྱང་འདེབས་རྩལ་རྗེས་ལུས་ཡིན་པ་དང་ཐོན་འབབ་བརྟན་པོ་མེད་པར་བརྟེན། ས་གནས་དེ་གའི་བོད་རིགས་སྤུན་ཟླའི་ཡོང་འབབ་ལ་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད།
     སྔར་ཡོད་ལག་རྩལ་རྗེས་ལུས་ཡིན་པས་སྔོན་ཐོན་ལག་རྩལ་ཁྱབ་གདལ་མི་གཏོང་ཀ་མེད་ཡིན་ཞིང་། ཐེན་ཅིན་ཞིང་ལས་སློབ་གླིང་ས་བོན་ཚན་རིག་དང་བཟོ་སྐྲུན་ཚན་ཁག་གི་ཀྲུའུ་རེན་ཀྲའོ་ཧྥེ་ཡིས་ལག་རྩལ་རོགས་སྐྱོར་ཚོགས་པའི་སྣེ་ཁྲིད་དེ་ནས་འདེབས་ཁུལ་མི་འདྲ་བའི་གཅིག་སྡུད་ཡུག་སྦྲེལ་ཁུལ་དུ་རིམ་རྩིས་བྱས་ན། ནས་ཐོན་འཕར་ལག་རྩལ་འདུས་གྲུབ་དཔེ་སྟོན་རྟེན་གཞི་མུའུ་1500བསྐྲུན་ནས། སྐྱེ་དངོས་ལག་རྩལ་གྱི་རམ་འདེགས་ལ་བརྟེན་ཏེ་ནས་སོན་སྤུས་ལེགས་མཁོ་འདོན་བྱས་པ་རེད།
     འདི་ལོའི་ཟླ་9པར་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དཔེ་སྟོན་རྟེན་གཞིར་ཞིབ་བཤེར་རྩིས་ལེན་བྱས་པ་དང་། ས་གནས་ས་ཐོག་ཏུ་ཐོན་ཚད་ལ་ཚོད་རྩིས་བྱས་པ་བརྒྱུད་དཔེ་སྟོན་ཞིང་ཁའི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་224ཟིན་པ་དེ་ས་གནས་དེ་གའི་ཆ་སྙོམས་རྨང་གཞིའི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་150ལས་སྤྱི་རྒྱ་74མང་དུ་ཕྱིན་ཡོད།
     མུའུ་རེའི་ཐོན་ཚད་མཐོ་རུ་ཕྱིན་པས་བོད་རིགས་སྤུན་ཟླའི་ཡོང་འབབ་ཀྱང་རང་ཤུགས་སུ་མང་དུ་ཕྱིན་ཡོད། བཀའ་དྲིན་མཚོན་ཆེད། ཀན་ལྷོ་ཀྲོའུ་ཅོ་ནེ་རྫོང་ཤན་ཚང་ཤང་ལེང་ཁའུ་གྲོང་ཚོའི་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཆེད་མངགས་ཐེན་ཅིན་ཞིང་ལས་སློབ་གླིང་ལ་ཐུགས་རྗེ་ཆེ་ཞུ་ཡིག་ཅིག་བྲིས་པ་རེད།
     ས་མཐོའི་དབྱར་ཚལ་ནི་ལན་ཀྲོའུ་ཞིང་ལས་ཀྱི་ཁྱད་ཆོས་ཆེ་ཤོས་དང་འགྲན་རྩོད་ནུས་པ་ཆེ་ཤོས་ཀྱི་གཙོ་ཁྲིད་ཐོན་ལས་དང་། དེ་བཞིན་གྲགས་ཅན་ཞིང་ལས་སྤུས་རྟགས་ཀྱི་གྲས་ཤིག་རེད། “ཞིབ་རྨོ་ཞིབ་ལས”ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས“སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང”ཇི་ལྟར་བྱེད་པ་ནི་ཐེན་ཅིན་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་རྫས་སོས་ཉར་དང་ལས་སྣོན་ལག་རྩལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཅང་ཁུ་ཡི་གཙོ་གནད་ཐོག་ཞིབ་འཇུག་བྱེད་རྒྱའི་ཁ་ཕྱོགས་ཤིག་རེད།
     “ང་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་རིང་། ལན་ཀྲོའུ་ས་མཐོའི་དབྱར་ཚལ་ཐོན་ལས་ལ་འབྲས་བུ་མ་བསྡུས་གོང་ཚད་ལྡན་ཅན་གྱི་འདེབས་གསོའི་དོ་དམ་ཡག་པོ་མེད་པ་དང་། ནད་སྐྱོན་ཚབས་ཆེན་ཡོད་པ། ཞིང་སྨན་འབོར་ཆེན་སྤྱད་པ་བཅས་དང་འབྲས་བུ་བཏོག་རྗེས་སོས་ཉར་གྲང་ཕྲེང་ཟོག་འགྲེམས་ཀྱི་ཆུ་ཚད་དམའ་བ་དང་། ཟད་སྐྱོན་ཆེ་བ། ལས་སྣོན་རགས་ཙམ་དང་ལས་སྣོན་ཞིབ་ཚགས་བྱེད་པའི་ལག་རྩལ་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་པོ་མེད་པ་བཅས་ཀྱི་གནད་དོན་ཡོད་པ་ཤེས་བྱུང་”ཞེས་ལི་ཅང་ཁུ་ཡིས་བཤད།
     གནད་དོན་ལ་བརྟག་དཔྱད་བྱས་རྗེས་ལི་ཅང་ཁུ་དང་ཁོང་གི་ལག་རྩལ་རོགས་སྐྱོར་ཚོགས་པས་ཐག་གཅོད་ཇུས་གཞི་བཟོས། ས་གནས་དེ་གའི་དགོས་མཁོ་ཆེ་བའི་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་ཕུད། ད་དུང་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་སུའོ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་འཇུག་སུའོ། ཀྲེ་ཅང་སློབ་ཆེན། རྒྱལ་ཁབ་ཞིང་ལས་ཐོན་རྫས་སོས་ཉར་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས(ཐེན་ཅིན)སོགས་རྒྱལ་ནང་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཚོགས་པ་དང་མཉམ་དུ་འགག་སྒྲོལ་བྱས་ཏེ། ལན་ཀྲོའུ་ས་མཐོའི་དབྱར་ཚལ་ཚད་ལྡན་ཅན་གྱི་འདེབས་འཛུགས་དང་། སྔོག་བསྡུ། སོས་ཉར། ཐུམ་སྒྲིལ། གསོག་ཉར། ལས་སྣོན་ཞིབ་ཚགས་སོགས་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་འཕྲད་པའི་ལག་རྩལ་གྱི་དཀའ་གནད་ཕྱོགས་ཡོངས་ནས་ཐག་གཅོད་བྱ་ཆེད་ལག་རྩལ་གྱི་རྒྱབ་སྐྱོར་བྱས་པ་རེད།
     “ང་ཚོས་འཆར་འགོད་བྱས་པའི‘ལག་རྩལ་སྡེབ་སྒྲིག’ཐབས་ཇུས་ལག་བསྟར་བྱས་པ་བརྒྱུད། ལན་ཀྲོའུ་ས་མཐོའི་དབྱར་ཚལ་སོས་ཉར་དང་སྐྱེལ་འདྲེན་གྱི་ལག་རྩལ་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་སྲོལ་རྒྱུན་གྱི་སོས་ཉར་ལག་རྩལ་དང་བསྡུར་ན། སོས་ཉར་དུས་ཡུན་30%ཡན་རིང་དུ་ཕྱིན་ཡོད”ཅེས་ལི་ཅང་ཁུ་ཡིས་སྤོབས་པ་ཆེན་པོས་བཤད།
     དབུལ་སྐྱོར་གྱི་གཙོ་གནད“རིག་སྐྱོར”ལ་ཐུག་པ་དང་། དེ་ནི་ཀྲའོ་ཧྥེ་དང་ལི་ཅང་ཁུ་ཡི་དབུལ་སྐྱོར་བྱེད་རིང་ཐུན་མོང་གི་མྱོང་ཚོར་ཞིག་རེད། “ཚན་རྩལ་ཆེད་མངགས་པའི་རྒྱུ་ནོར་ཆེ་ཤོས་ནི་ཚན་ཞིབ་ལག་རྩལ་དང་ཚན་རྩལ་གྲུབ་འབྲས་རེད། མི་ལ་ཉ་སྟེར་བ་ལས་ཉ་གསོ་སྟངས་སློབ་པ་དགའ། རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་མི་སེར་ཚོས་སྔོན་ཐོན་ལག་རྩལ་ཁོང་དུ་ཆུད་པར་བྱས་ཚེ། གཞི་ནས་རྩ་བའི་ཐོག་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཐུབ”ཅེས་ལི་ཅང་ཁུ་ཡིས་བཤད།
     “མིག་སྔར་ཐེན་ཅིན་གྱི་ཞིང་ལས་ཚན་རྩལ་ཆེད་མངགས་པ་1000ལྷག་ཙམ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཧུར་ཐག་ཞུགས་ཡོད། སླད་ཕྱིན་དཔུང་ཁག་དེར་མི་དེ་བས་མང་བ‘ཅིན་ཀན་ས་གནས་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ’དང་དབུལ་སྒྲོལ་ལམ་གྱི‘ལག་རོགས་བཟང་པོར་འགྱུར་སྲིད”ཅེས་ལིའུ་ཅན་ཅུན་གྱིས་བཤད།