འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་15ཉིན།

༄༅༎བསྟན་འཛིན་སྐད་གྲགས་ཆོད་རྗེས་དེའི་མིང་གཞན་གྱིས་ཚོང་རྟགས་སུ་སྔོན་འགོད་བྱས་པ་འདྲ།
ལི་ཅ་ཆིའི་སྐད་སྒྲའི་ཚོང་རྟགས་ཀྱི་རེ་ཞུ་ཕྱིར་སློག་བྱས་པ།

དྲ་གྲགས་ཀྱི་ཚོང་རྟགས་རྣམ་པ་སྣ་ཚོགས་ཀྱིས་སྔོན་འགོད་བྱེད་རིགས་དང་འཕྲད་ན་ཇི་ལྟར་བྱ་དགོས་སམ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་15ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཁྲིམས་སྐྱོང་ཉིན་རེའི་ཚགས་པར་ཐོག་ནས་གནས་ཚུལ་སྤེལ་གསལ། “oh my god(དབྱིན་ཡིག་ཡིན་ཞིང་། བོད་སྐད་དུ་དཀོན་མཆོག་གསུམ་ཞེས་པ་དང་དོན་མཚུངས།) དེ་ཉོས་དང་། དེ་ཉོས་དང་།” མི་མང་པོ་ཞིག་གིས་ལི་ཅ་ཆིས་ཐད་གཏོང་ཁང་དུ་ཚོང་ཟོག་འཚོང་བའི་སྐབས་ཀྱི་ཁ་རྒྱུན་ལ་རྒྱུས་མངའ་ཡོད་ངེས་རེད། འོན་ཀྱང་འདིས་སྐད་སྒྲའི་ཚོང་རྟགས་ཐོ་འགོད་ཀྱི་རེ་ཞུ་བྱེད་ཆོག་གམ་ཞེ་ན་ད་ལྟ་དྲིས་ལན་ཐོན་སོང་། ཐེན་ཡན་ཁྲ་Appཐོག་མངོན་པར་གཞིགས་ན། ལི་ཅ་ཆི་མ་རྐང་འཇོག་མཁན་གྱི་གྲས་ཤིག་ཡིན་པའི་ཧྲང་ཧའེ་ཀྲོང་ཅ་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་ད་ལོའི་ཟླ་4པར་ཐོ་འགོད་རེ་ཞུ་བྱས་པའི“oh my god(དབྱིན་ཡིག་ཡིན་ཞིང་། བོད་སྐད་དུ་དཀོན་མཆོག་གསུམ་ཞེས་པ་དང་དོན་མཚུངས།) དེ་ཉོས་དང་། དེ་ཉོས་དང”ཞེས་པའི་སྐད་སྒྲའི་ཚོང་རྟགས་དེ་ཟླ་12ཚེས་4ཉིན་ཕྱིར་སློག་བྱས་པ་རེད།
     ཉེ་དུས་ནས་བཟུང་ཚོང་རྟགས་གཞན་གྱིས་སྔོན་འགོད་བྱེད་པའི་དོན་རྐྱེན་ཡང་ཡང་བྱུང་བ་རེད།
     ཉེ་ཆར། སི་ཁྲོན་ཁམས་པའི་ཕོ་གཞོན་བསྟན་འཛིན་གྱི་བརྙན་ལམ་སྐབས་ཤིག་རིང་དྲ་ལམ་ཡོངས་སུ་ཁྱབ་ཅིང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྱང་མུ་མཐུད་ཐུའེ་ཐེ་གསུམ་སྤེལ་ནས། འཛམ་གླིང་ཡོངས་ལ་བསྟན་འཛིན་མཚམས་སྦྱོར་བྱས་པ་རེད། བསྟན་འཛིན་སྐད་གྲགས་ཆེས་ཆེར་ཆོད་པ་དེས་ཁེ་ལས་ཁག་གཅིག་ལ་ཚོང་ལས་ཀྱི་གོ་སྐབས་ཚོར་དུ་བཅུག་པས“བསྟན་འཛིན”ཞེས་པའི་ཚོང་རྟགས་གཞན་གྱིས་སྔོན་འགོད་བྱས་པ་འདྲ། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་14ཉིན་ནས་བཟུང་། ཀུང་སི་མང་པོ་ཞིག་གིས“བསྟན་འཛིན”ཞེས་པའི་ཚོང་རྟགས་ཐོ་འགོད་ཀྱི་རེ་ཞུ་ཕུལ་ཡོད་ཅིང་། དེ་དག་གི་ནང་ཉིན་མཁོའི་རྫས་འགྱུར་མཁོ་ཆས་དང་། སློབ་གསོ་དང་རོལ་རྩེད། དྲ་ཚིགས་ཞབས་ཞུ་སོགས་གཏོགས་ཡོད་པ་རེད།
     ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་ཤེས་བྱའི་ཐོན་དབང་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་བསྐོས་ཞིབ་འཇུག་པ་ལི་ཅུན་ཧུའེ་ཡིས་བལྟས་ན། ཚོང་རྟགས་སྔོན་འགོད་བྱེད་རིགས་དང་། ལྷག་པར་དུ་ངན་སེམས་བཅངས་ནས་སྔོན་འགོད་བྱེད་པའི་བྱ་སྤྱོད་ནི་སྤེལ་མི་རུང་བ་ཞིག་རེད། ཕྱོགས་གཅིག་ནས་དེའི་ཚོང་རྟགས་ཐོ་འགོད་ཀྱི་རེ་ཞུར་ཞིབ་མཆན་མི་འགོད་སྲིད་པ་དང་། གལ་སྲིད་ངན་སེམས་བཅངས་ནས་སྔོན་འགོད་བྱས་པར་ངོས་འཛིན་བྱས་ན། ད་དུང་ཉེས་ཆད་གཅོད་པའི་ཉེན་ཁ་ཡོད་པས། “རང་སྡུག་རང་ཉོ”གྲས་ཤིག་རེད། ཕྱོགས་གཞན་ཞིག་ནས་སྤྱི་ཕན་རང་བཞིན་གྱི་གྲགས་ཅན་མི་སྣའི་མིང་དེ་ངན་སེམས་བཅངས་ནས་སྔོན་འགོད་བྱེད་པའི་དོན་དག་དེ་ཉིད་ལ་ཡང་མང་ཚོགས་ཞེན་པ་ལོག་སྲིད་པས། འབྲེལ་ཡོད་རེ་ཞུ་བྱེད་མཁན་ལ་མཚོན་ནས་བཤད་ནའང། “ཐོབ་པ་ལས་ཤོར་བ་མང་བ”ཞིག་རེད།
     “རྒྱུ་རྐྱེན་དེ་བས་གལ་ཆེ་བ་ཞིག་ནི་ཕྱོགས་གཅིག་ནས་དེ་སྔར་སྔོན་འགོད་བྱེད་པའི་བྱ་སྤྱོད་དེ་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱིས་གཅུན་འདོམས་དང་ཆད་གཅོད་བྱ་རྒྱུ་མི་འདང་བ་དང་། ཕྱོགས་གཞན་ཞིག་ནས་ཚོང་པ་མི་ལེགས་པས་སྔོན་འགོད་བྱས་ནས་ཐོབ་པའི་ཚོང་རྟགས་ལ་བརྟེན་ནས་ཁེ་འཚོང་བྱས་རྗེས་སླར་ཡང་ཕྱིར་འཚོང་བྱས་ནས་ཁེ་སྤོགས་ཆེན་པོ་ཐོབ་པའི་མཇུག་འབྲས་ཀྱིས་མི་དེ་བས་མང་བ་ཉེན་མཆོང་བྱེད་པའི་ལམ་དུ་ཁྲིད་་པ་རེད”ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཁྲིམས་རིག་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ལི་ཧྲུན་ཏེས་དེ་ལྟར་གདེང་འཇོག་བྱས་པ་རེད།
     བསྟན་འཛིན་ཞེས་པའི་ཚོང་རྟགས་གཞན་གྱིས་སྔོན་འགོད་བྱས་པ་འདྲ། “ཚོང་རྟགས་གྲགས་ཅན་ལ་རྟེན་ཚུལ”རྟག་ཏུ་ཐོན་གྱི་ཡོད།
     ཟླ་11ཚེས་29ཉིན། ལི་ཐང་རིག་གནས་ཡུལ་སྐོར་གྱི་སྤྱི་ཁྱབ་ཅིང་ལི་ཏུའུ་ཏུང་གིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། བསྟན་འཛིན་འཁྲབ་སྟོན་པའམ་ཡང་ན་ཕྱོགས་བསྡུས་སྒྱུ་རྩལ་གྱི་གྲགས་ཅན་མི་སྣ་བྱེད་པར་འཚམ་པོ་མེད་པས། གནས་སྐབས་སུ་བསྟན་འཛིན་ལ་བཏང་བའི་ཕྱོགས་བསྡུས་སྒྱུ་རྩལ་གདན་འདྲེན་མཐའ་དག་དང་ལེན་བྱ་རྒྱུ་མིན། ཁོ་ཚོས་བསྟན་འཛིན་ལ་བཀོད་སྒྲིག་བྱས་པའི་ལས་དོན་ནི་ཕྱོགས་གཅིག་ནས་ལི་ཐང་གི་ཡུལ་སྐོར་ཕོ་ཉ་བྱས་ནས། བརྙན་ཐུང་རྒྱག་པ་དང་། ཡུལ་སྐོར་སྣེ་ཤན་པ་བྱེད་པ། ཡུལ་སྐོར་དྲིལ་བསྒྲགས་བྱེད་པ་སོགས་ཡིན། ཕྱོགས་གཞན་ཞིག་ནས་ལས་བཟོའི་གསོ་སྦྱོང་དང་ལེན་བྱས་ཏེ་གཞུང་ལས་མཉེན་ཆས་སློབ་སྦྱོང་དང་། དཔོད་ཆུང་གཏོང་བ་དང་སྐད་འཕྲིན་གཏོང་བ་སྦྱོང་བ། ཡུལ་སྐོར་རིག་གནས་ཤེས་བྱ་སློབ་སྦྱོང་སོགས་བྱ་རྒྱུ་ཡིན་པ་རེད་ཅེས་བརྗོད།
     ཕེང་ཕའེ་གསར་འགྱུར་གྱིས་ལེགས་སྒྲིག་བྱས་པར་གཞིགས་ན། བསྟན་འཛིན་གནས་སའི་ལི་ཐང་རིག་གནས་ཡུལ་སྐོར་གྱིས་ཚོང་ཟོག་རིགས་26(ཚོང་རྟགས་ཀྱི་རྒྱལ་སྤྱིའི་རིགས་དབྱེར་ཁྱོན་རིགས་45ཡོད)ཁྲོད་ཐོ་འགོད་རེ་ཞུ་བྱས་པ་རེད། ལི་ཐང་རིག་གནས་ཡུལ་སྐོར་གྱིས“བསྟན་འཛིན”ཞེས་པའི་མིང་གི་ཚོང་རྟགས་རེ་ཞུ་མ་བྱས་གོང་ཀྲུང་གོའི་ཚོང་རྟགས་དྲ་ཐོག་ཏུ“བསྟན་འཛིན”གྱི་ཉེ་མཚུངས་ཚོང་རྟགས་22ཡོད་པ་རེད།
     འོན་ཀྱང་། དོན་རྐྱེན་དེ་རིགས་ནི་ད་ལོ་རིམས་ནད་ཐོན་རྗེས་རྟག་ཏུ་ཐོན་གྱི་ཡོད། ཟླ་2པའི་ཟླ་འགོ་ནས་ཟླ་3པའི་ཟླ་མཇུག་བར། རྒྱལ་ནང་གི་ས་ཆ་མང་པོར་རེ་ཞུ་བྱེད་མཁན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི“ཧུ་ཧྲེང་ཧྲན”དང“ལེ་ཧྲེང་ཧྲན”དང་དེ་བཞིན“ཏོག་གསར” “ལི་ཝུན་ལེའང” “ཀྲུང་ནན་ཧྲན”སོགས་ཀྱི་ཡི་གེ་ཚུད་པའི་ཐོ་འགོད་ཚོང་རྟགས་རེ་ཞུ་བྱས་པའི་གནས་ཚུལ་བྱུང་བས། ལས་རིགས་ཁག་གིས་དོ་ཁུར་དང་གྲོས་བསྡུར་འཁྲུག་པོ་བྱེད་པ་རེད།
     ཟླ་2ཚེས་27ཉིན། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཁྲིམས་ལྟར“ལི་ཝུན་ལེའང”ཞེས་པའི་ཚོང་རྟགས་ཐོ་འགོད་རེ་ཞུ་ཕྱིར་སློག་བྱས་པ་དང་འབྲེལ“ཧུ་ཧྲེང་ཧྲན”དང“ལེ་ཧྲེང་ཧྲན”སོགས་རིམས་ནད་དང་འབྲེལ་བ་ཡོད་པའི་ཚོང་རྟགས་ཐོ་འགོད་རེ་ཞུ་1000ལྷག་ཙམ་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་ཡོངས་བསྒྲགས་ཐེངས་དང་པོ་བྱས་པ་རེད།
     ཟླ་3ཚེས་4ཉིན་དང་ཚེས་5ཉིན་ལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས“ཧུ་ཧྲེང་ཧྲན”དང“ལེ་ཧྲེང་ཧྲན” “ལི་ཝུན་ལེའང”སོགས་ཚོང་རྟགས་ཐོ་འགོད་རེ་ཞུ་ཕྱིར་སློག་བྱ་རྒྱུའི་བརྡ་ཐོ་ཁག་གཉིས་བསྟུད་མར་བཏང་བ་རེད།
     ལི་ཧྲུན་ཏེས“རིམས་ནད་དང་འབྲེལ་བ་ཡོད་པའི་ཡི་གེ་ཚོང་རྟགས་ལ་སྔོན་འགོད་བྱེད་པའི་བྱ་སྤྱོད་ནི་གློ་བུར་དུ་ཐོན་པ་ཞིག་མིན་པར། དེ་ནི་འདས་ཟིན་པའི་དུས་ཡུན་རིང་པོའི་ནང་ལུས་པའི་གནད་དོན་ཞིག་རེད།” “ཕྱོགས་གཅིག་ནས་ཚོང་རྟགས་སྔོན་འགོད་བྱས་རྗེས་ཐོབ་པའི་ཁེ་སྤོགས་འབོར་ཆེན་གྱིས་ཚོང་པ་མི་ཉུང་བ་ཞིག་དེའི་ནང་ཞུགས་རྒྱུར་འགུག་པ་དང་། ཕྱོགས་གཞན་ཞིག་ནས་འབྲེལ་ཡོད་སྡེ་ཚན་གྱིས་རྡུང་རྡེག་ནུས་ལྡན་མ་བྱུང་བའི་དབང་གིས་མཚམས་སྦྱོར་ལ་སྐུལ་འདེད་གཏོང་བ་རེད”ཅེས་བརྗོད།
     ཐབས་མང་མཉམ་སྤྱོད་དང་ཕྱོགས་མང་མཉམ་འགུལ་གྱིས་ཚོང་རྟགས་ཐོ་འགོད་ཚོང་ར་ཚད་ལྡན་དུ་གཏོང་དགོས།
     2020ལོའི་ཟླ་10པའི་ཟླ་མཇུག་བར། རང་རྒྱལ་དུ་ནུས་ལྡན་ཐོ་འགོད་ཚོང་རྟགས་ཁྲི་2918.2ཟིན་ལ། ལོ་མང་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཡིན་ཡང་མྱུར་པོ་འཕར་བཞིན་པའི་ཚོང་རྟགས་ཀྱི་གྲངས་འབོར་གྱི་རྒྱབ་ཏུ། དུས་ཡུན་རིང་པོར་ཚོང་རྟགས་གྲགས་ཅན་ལ་རྟེན་པ་དང་། ངན་སེམས་བཅངས་ནས་སྔོན་འགོད་ཉར་གསོག་བྱེད་པའི་སྣང་ཚུལ་བྱུང་བས། ཁེ་ལས་ལ་རྙོག་དྲ་ཆེན་པོ་བཟོས་པ་རེད།
     བསྟན་འཛིན་སྐད་གྲགས་ཆོད་མ་ཐག“བསྟན་འཛིན”ཞེས་པའི་ཚོང་རྟགས་སྔོན་འགོད་བྱེད་རིགས་དང་། ལི་ཅ་ཆི་ཡིས་དངོས་ཟོག་འཚོང་ནས་སྐད་གྲགས་ཆོད་མ་ཐག་དེའི་ཁ་རྒྱུན་ཚོང་རྟགས་ཐོ་འགོད་ཀྱི་རེ་ཞུ་བྱེད་རིགས……དོན་དག་འདི་དག་གི་ཁྲོད་དུ་དོ་ཁུར་བྱེད་དགོས་པ་ཞིག་ནི། དེ་ལས་སྔོན་འགོད་ཀྱི་འདུ་ཤེས་ཧ་ཅང་ཆེན་པོ་མཚོན་མོད། འོན་ཀྱང་མཚོན་ཚུལ་ཚང་མ་ནི་དམིགས་བསལ་རང་བཞིན་དོན་གཉེར་བྱེད་པ་མ་ཡིན་པར“སྔོན་འཛིན”དང“སྔོན་འཕྲོག”གི་འདུ་ཤེས་དེ་རེད།
     ལི་ཅུན་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས། ཚོང་རྟགས་ཐོ་འགོད་ཀྱི་རེ་ཞུའི་ཐད་ལ“རེ་འདུན་སྔོན་ལ་ཞུ་མཁན་ལ་ཐོབ་པ”དང་“སྔོན་ལ་སྤྱོད་མཁན་ལ་ཐོབ་པའི”རྩ་དོན་སྤྱད་འཐུས། སྟབས་བདེའི་སྒོ་ནས་བཤད་ན། ཇི་ལྟར་སྔ་མོ་ནས་རེ་ཞུ་བྱས་ན་དེ་ལྟར་སྔ་མོ་ནས་ཞིབ་མཆན་འགོད་སྲིད། དེར་བརྟེན། མི་མང་པོ་ཞིག་གམ་ལས་ཁུངས་ཁ་ཤས་ཀྱིས་ཚོང་རྟགས་སྔོན་འགོད་བྱེད་པར་དགའ་ཞིང་། ལ་ལ་ནི་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱེད་ཆེད་ཡིན་པ་དང་། ལ་ལ་ནི་ཁེ་བཟང་རག་ཐབས་བྱེད་པའི་ཆེད་དུ་རེད།
     རྒྱུན་ལྡན་མིན་པའི་ཚོང་རྟགས་རེ་ཞུ་དང་བསམ་ངན་བཅངས་པའི་སྔོན་འགོད་ཇི་ལྟར་བཅོས་སྐྱོང་བྱེད་དགོས་ཞེ་ན། ལི་ཅུན་ཧུའེ་ཡིས་ལྟ་ན་ཕྱོགས་མང་པོས་ཤུགས་རྒྱག་དགོས་ཏེ། 
     གཅིག་ནས་ཁྲིམས་འཛུགས་ཐད་རྒྱུན་གཏན་མིན་པའི་ཚོང་རྟགས་རེ་ཞུ་དང་དེ་བཞིན་ངན་སེམས་བཅངས་ནས་སྔོན་འགོད་བྱེད་པའི་བྱ་སྤྱོད་ཀྱི་ཁྱད་ཆོས་དང་དེ་བཞིན་ཆད་གཅོད་སྒྲིག་སྲོལ་སྔར་བས་ཁ་གསལ་བཟོ་དགོས།
     གཉིས་ནས་སྤྱི་ཚོགས་ཐོག་ཚོང་རྟགས་ཐོ་འགོད་རེ་ཞུའི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱས་ནས་གཞུང་དྲང་ཡིད་རྟོན་གྱི་རྩ་དོན་དེ་ཚོང་རྟགས་རེ་ཞུ་དང་། ཞིབ་བཤེར། ཞིབ་བཤེར་ཆོག་མཆན་བཅས་ཀྱི་ཁྲོད་རིམ་བཞིན་འགྱུར་མེད་རང་བཞིན་གྱི་གཅུན་ནུས་ཆགས་སུ་བཅུག་ནས། འབྲེལ་ཡོད་སྒྲིག་གཞིའམ་ཡང་ན་མི་སྒེར་ལ་རང་འགུལ་ངང་རྒྱུན་གཏན་མིན་པའམ་ཡང་ན་ངན་སེམས་བཅངས་པའི་ཚོང་རྟགས་ཐོ་འགོད་ཀྱི་བྱ་སྤྱོད་བཀག་འགོག་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས།
     གསུམ་ནས་ཚོང་རྟགས་ལས་ཚབ་ལས་ཁུངས་དང་ཞིབ་བཤེར་ལས་ཁུངས་ཀྱིས་ནུས་པ་འདོན་སྤེལ་བྱས་ནས། རེ་ཞུ་ཡར་སྤྲོད་དང་། ཐོ་འགོད་ཞིབ་བཤེར་སོགས་ཀྱི་ལྷུ་ཚིགས་སུ། རྒྱུན་ལྡན་མིན་པའམ་ཡང་ན་ངན་སེམས་བཅངས་པའི་ཚོང་རྟགས་རེ་ཞུའི་བྱ་སྤྱོད་ལ་དབྱེ་འབྱེད་དང་བཀག་འགོག་བྱེད་ཤུགས་ཆེ་རུ་བཏང་ནས། ཚོང་རྟགས་ཐོ་འགོད་དང་བེད་སྤྱོད་དོན་ཚན་རྩ་བའི་ཐོག་ནས་བསྒྱུར་བཅོས་བྱེད་དུ་འཇུག་དགོས་པ་དང་། ཐོ་འགོད་ཚོང་རྟགས་ལ་ཡོད་དགོས་པའི“འཛད་སྤྱོད་པ་དང་། ཐོན་སྐྱེད། གཉེར་སྐྱོང་བྱེད་མཁན་བཅས་ཀྱི་ཁེ་ཕན་འགན་སྲུང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི”རིན་ཐང་དང་ནུས་པ་འདོན་སྤེལ་བྱ་དགོས།
     “དེ་ཡང་། ད་དུང་ཚོང་ལས་ཀྱི་ཚུལ་མཐུན་བྱ་སྤྱོད་དྲིལ་བསྒྲགས་དང་སྤྱི་ཚོགས་ཀྱི་དྲང་ཕྱོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན།  ཁེ་ལས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་སློབ་གསོ་དང་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་སྟེ་དེའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་ཁྲོམ་རར་དོ་དམ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས”ཞེས་ལི་ཧྲུན་ཏེས་བཤད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832763.html)