འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་15ཉིན།

༄༅།།སྔོ་ལྗང་ལྗོན་པས་བརྒྱན་པའི་བདེ་ཆེན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་15ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ■ མིག་སྔའི་བར་ཀྲོའུ་ཡོངས་སུ་ནགས་ཚལ་ས་ཆ་སྤྱི་ཆིང་ཁྲི་188.442ཡོད་པ་དེས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་78.95%བཟུང་བ་དང་ནགས་ཚལ་ཁེབས་ཚད་75.21%དང་། རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་95.9ཟིན་ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་རྩི་ཤིང་སྣ་ཁ་30ལྷག་ཙམ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས་60ལྷག་ཙམ་ཡོད། 2015ལོར་བདེ་ཆེན་ཀྲོའུ་རྒྱལ་ཁབ་རིམ་པའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་དཔེ་སྟོན་ཁུལ་ཁག་དང་པོའི་གྲས་སུ་ཚུད་ཡོད།
   “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། བདེ་ཆེན་ཀྲོའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་པ་དང་ལག་ལེན་བསྟར་བ་དང་། “སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས”ཀྱི་འཐབ་ཇུས་ཕྱོགས་སྟོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ“སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན་པའི”འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཡོད་པ་རེད།
   དགུན་དུས་ཀྱི་བདེ་ཆེན་དུ་ནམ་མཁའ་སྔོ་ལ་ཁ་བས་རི་བོ་བརྒྱན། འབྲོག་གླུའི་སྙན་དབྱངས་གང་སར་གྲགས། སྤང་ལྗོངས་དང་། མཚེའུ། གངས་རི་བཅས་ཁུ་སིམ་ཁྲོད་དེ་བས་མཛེས་སྡུག་ལྡན་ལ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མཛེས་སྡུག་རྣམ་པ་དེ་རི་མོའི་གཟུགས་སུ་བཀོད་པ་ལྟར་སྣང་། ལམ་འགྲམ་ནས་རྒྱང་རིང་གི་ཕྱོགས་སུ་རྒྱང་བལྟ་བྱེད་སྐབས། གང་སར་སྔོ་ལྗང་གིས་བརྒྱན་པའི་རི་ཀླུང་དང་། གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོ། ཞིང་དུད་བཅས་ཀྱི་ཉམས་དགའི་རྣམ་པ། ནམ་མཁའ་སྔོ་ཞིང་དྭངས་ལ་མཁའ་རླུང་གཙང་བ་བཅས་བདེ་ཆེན་གྱི་སྣོད་བཅུད་ཁོར་ཡུག་གི་མཚོན་ཚུལ་ངོ་མ་ཞིག་ཡིན་ལ། བདེ་ཆེན་གྱི་བཀྲག་མདངས་འཚེར་སའི་མིང་བྱང་ཞིག་ཀྱང་ཡིན།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། བདེ་ཆེན་ཀྲོའུ་ཡིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་འགན་འཁྲི་གཅིག་མཚུངས”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། ཀྲོའུ་དེ་ཡོངས་ཀྱིས་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་གསལ་ཐོ་དང་སྙན་སེང་ཞུ་བའི་ཕུགས་ཕན་ལམ་སྲོལ་བཟོས་པ་དང་འབྲེལ་ཞིབ་ཚགས་སུ་བཏང་ནས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་གྱོད་གཞི་དུས་ཐོག་ཏུ་སྙན་སེང་ཞུས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆ་འཕྲིན་མཉམ་སྤྱོད་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཟླ་སྒྲིལ་གཏོང་བའི་ལམ་ལུགས་ཀྱི་ལྟ་སྐུལ་མ་ལག་དང་འབྲེལ་ཐག་ཆགས་པར་བྱས་ཡོད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བདེ་ཆེན་ཀྲོའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་པར་བརྟེན། ཀྲོའུ་དེ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་བཟང་བའི་སྤུས་ཚད་སྤྱིའི་ཆ་ནས་རྒྱུན་འཁྱོངས་བྱུང་བ་དང་སྣོད་བཅུད་ཤེས་དཔལ་གྱི་འགན་ལེན་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད། གཅིག་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་ནས་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་གཙང་བ། རི་སྔོན་པོ་བཅས་ཀྱི“བྱ་སྤྱོད་ཆེན་པོ་བཞི”ལག་བསྟར་གཏིང་ཟབ་བྱས་པ་དང་། གཉིས་ནས་གཙོ་གནད་མངོན་པར་བྱས་ཏེ་མཚོན་རྟགས་རང་བཞིན་གྱི་དམག་འཐབ་7ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་འབྲི་ཆུ་གཙོ་བོར་བྱས་པའི་ཆུ་ལག་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཆེན་པོ་གཉིས་དང་། ཆུ་འགོ་ནས་སྲུང་སྐྱོང་། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་། སྣོད་བཅུད་སྲུང་སྐྱོང་སླར་གསོ། སྲ་གཟུགས་ཟོག་རོའི་སྦགས་བཙོག་བཅོས་སྐྱོང་། ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་དང་དེ་བཞིན་ས་མཐོའི་མཚེའུ་སྲུང་སྐྱོང་བཅོས་སྐྱོང་དང་ཉམས་གསོའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ་ཡིན། གསུམ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། ལྟ་ཞིབ་དང་། རྩིས་སྤྲོད་སྒྲུབ་གཉེར། སྐོར་ཞིབ། སྐོང་འདྲི། ཆེད་དོན་ལྟ་ཞིབ་བཅས་ཀྱི“ཐབས་མང་མཉམ་སྤྱོད”ཆ་ཚང་གི་ཐོག་ནས། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། ཆ་འཕྲིན་ཡོངས་བསྒྲགས། འགན་འཁྲི་རྩད་གཅོད་བཅས་ཕྱོགས་མང་པོ་ནས་འགོ་བརྩམས་ཏེ་ལྟ་སྐུལ་ཞིབ་བཤེར་གྱི་གནད་དོན་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་བཏང་བས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐག་གཅོད་ཐུབ་ཡོད། བདེ་ཆེན་ཀྲོའུ་ཡི་རེས་སྐོར་དང་པོའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་གྱི་ལས་འགན་ཁྱོན་23ཡོད་པ་དང་མིག་སྔའི་བར་ལས་འགན་19ལེགས་གྲུབ་ཟིན་པ་དང་དེ་བྱིངས་ཀྱི་ལས་འགན་ཁག་4གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད། རེས་སྐོར་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི“ཕྱིར་མིག་ལྟ་བའི”དག་ཐེར་ལས་འགན་ཁྱོན་10ཡོད་པ་དང་མིག་སྔའི་བར་ལས་འགན་ཁག་6ལེགས་གྲུབ་བྱུང་བ་དང་། ལས་འགན་ཁག་3རིམ་གྱིས་སྒྲུབ་བཞིན་ཡོད་པ། ལས་འགན་ཁག་1བསྒྲུབ་རྒྱུར་ལུས་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་གི“ཕྱིར་མིག་ལྟ་བའི”རིང་། བདེ་ཆེན་ཀྲོའུ་ལ་ཐེར་འདོན་ཡི་གེ་9འབྱོར་ཡོད་པ་དང་། མིག་སྔའི་བར་ཐེར་འདོན་ཡི་གེ་7ལ་ལན་བཏབ་ཡོད། ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནང་བདེ་ཆེན་ཀྲོའུ་ཡི་དག་ཐེར་ལས་འགན་དང་འབྲེལ་བ་ཡོད་པའི་ཕྱོགས་19ཡི་གནད་དོན་44ཡོད་པ་དང་། གནད་དོན་37དག་ཐེར་བྱས་པ་དང་། གནད་དོན་4རིམ་གྱིས་སྒྲུབ་བཞིན་ཡོད་པ། གནད་དོན་3བསྒྲུབ་རྒྱུར་ལུས་ཡོད། བཞི་ནས་རྒྱལ་ཡོངས་ཀྱི་སྦགས་བཙོག་འབྱུང་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ། ཀྲོའུ་དེ་ཡོངས་ཀྱིས་བཟོ་ལས་ཁེ་ལས་དང་དེ་བཞིན་ཐོན་ལས་བྱེད་སྒོའི་ཚན་པའི་གཞི་རྩའི་ཚན་པའི་མིང་གཞུང་མཛོད་གཙང་བཤེར་ཚན་པ་ཁྱོན་1645ལ་གཙང་བཤེར་བྱས་པ་དང་། ཞིང་ཆེན་ཡོངས་སུ་སྦགས་བཙོག་འབྱུང་ཁུངས་ཞིབ་རྩིས་བྱ་རྒྱུ་སྔོན་ལ་ལེགས་གྲུབ་བྱུང་ནས་ཞིབ་རྩིས་བྱེད་ཚད་100%ཟིན་ཡོད། 
   ཡོངས་བཤེར་བྱས་པ་བརྒྱུད་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འབོར་ཆེན་ཁོང་དུ་ཆུད་དེ་གོམ་སྟབས་རྗེས་མའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
    མིག་སྔའི་བར་ཀྲོའུ་ཡོངས་སུ་ནགས་ཚལ་ས་ཆ་སྤྱི་ཆིང་ཁྲི་188.442ཡོད་པ་དེས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་78.95%བཟུང་བ་དང་ནགས་ཚལ་ཁེབས་ཚད་75.21%དང་། རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་95.9ཟིན་ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་རྩི་ཤིང་སྣ་ཁ་30ལྷག་ཙམ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས་60ལྷག་ཙམ་ཡོད། 2015ལོར་བདེ་ཆེན་ཀྲོའུ་རྒྱལ་ཁབ་རིམ་པའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་དཔེ་སྟོན་ཁུལ་ཁག་དང་པོའི་གྲས་སུ་བཞག་པ་རེད།
   “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན” “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བདེ་ཆེན་གྱི་མི་སེར་ཚོས་མཛེས་སྡུག་ལྡན་པའི་ཁོར་ཡུག་ཁྲོད་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོ་དང་ལང་རོང་གྲོང་ཚོའི་གྲོང་མིའི་ཚོགས་ཆུང་གིས་ཡུལ་སྐོར་དབུལ་སྐྱོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་བཞིན་ཡོད་པ། འབའ་ལུང་རྫོང་ཐ་གྲོང་རྡལ་བྱེ་པ་གྲོང་ཚོའི་སོས་དལ་གྲོང་གསེབ་ཏུ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བས་ཡུལ་སྐོར་བ་མང་པོ་མ་གྲོས་གཅིག་མཐུན་ངང་འཛོམས་པ། བདེ་ཆེན་རྫོང་གཡུ་འབུམ་གྲོང་ཚོས་འགྲུལ་ཁང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་གྲོང་མི་ཚོར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཁ་ཤས་བྱུང་ཡོད། ད་ཆ་བདེ་ཆེན་དུ་སྐྱེ་དངོས་སྨན་རྫས་དང་། ལྗང་མདོག་བཟའ་བཅའ། ཡུལ་སྐོར་ཚོང་ཟོག་བཅས་ཀྱིས་འདེགས་སྐྱོར་བྱས་པའི་ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལས་ལ་བརྩོན་མཁན་རྫོང་དང་། ཆུས། གྲོང་ཚོ་བཅས་ཀྱིས་ལྗང་མདོག་སྣོད་བཅུད་བདེ་ཆེན་བསྐྲུན་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་བཞིན་ཡོད་ལ་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་བཞིན་ཡོད།