འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་14ཉིན།

༄༅།།ཡུན་ནན་གྱིས། ཤང་དང་གྲོང་རྡལ་རིམ་པ་དང་དེ་ཡན་གྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་
ལམ་ལུགས་བཙུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་14ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཡུན་ནན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་11པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱིས་རིགས་ཁག་གི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་1283དབྱེ་འབྱེད་དང་ཞིབ་མཆན་འགོད་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། སྲུང་སྐྱོང་ཁུལ་དབྱེ་འབྱེད་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ལེ་ངོས་གྲུ་8391ཟིན་པ་དེ་དག་ཆུ་མཁོ་འདོན་ཞབས་ཞུའི་མི་འབོར་ཁྲི་1088དང་འབྲེལ་བ་ཡོད་ཅིང་། མིག་སྔར་ཡུན་ནན་ཞིང་ཆེན་གྱིས་ཤང་དང་གྲོང་རྡལ་རིམ་པ་དང་དེ་ཡན་གྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་རེད།
   འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་ལས་དོན་ནི་ཡུན་ནན་ཞིང་ཆེན་གྱིས་ཆུ་འགོ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། 2020ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་གྱི་ཀྲོའུ་དང་གྲོང་ཁྱེར་ཁག་གིས《འབྲི་ཆུ་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་འགག་སྒྲོལ་དམག་འཐབ》དང《ཡུན་ནན་ཞིང་ཆེན་གྱི་ཆུ་འགོ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཀྱི་ལག་བསྟར་ཇུས་གཞིའི》བཀོད་སྒྲིག་གཞིར་བཟུང། རིགས་ཁག་གི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་རེད།
   མིག་སྔར། ཡུན་ནན་ཞིང་ཆེན་གྱིས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་8391.27དབྱེ་འབྱེད་བྱས་པ་དང་། དེའི་ནང་རིམ་པ་དང་པོའི་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་489.85དང་། རིམ་པ་གཉིས་པའི་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6145.32ཆོག་འཐུས་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1756.10བཅས་ཟིན་ཡོད། གཏན་འཁེལ་བྱས་པའི་ཆུ་འགོ་སྲུང་སྐྱོང་ཁུལ་དེ་ཆུ་མཁོ་འདོན་ཞབས་ཞུའི་མི་འབོར་ཁྲི་1088.2དང་འབྲེལ་བ་ཡོད་པ་དང་ཆུ་མཁོ་འདོན་བྱེད་ཚད་ཉིན་རེར་ཏུན་ཁྲི་138.2ཟིན་ཡོད།