འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་10ཉིན།

༄༅༎མང་ཚོགས་ཞུགས་ཚད་མཐོ་རུ་གཏོང་བ་དང་དྲིལ་བསྒྲགས་ཁྱབ་རྒྱ་ཆེ་རུ་གཏོང་བ།

དཀར་མཛེས་ཁུལ་དུ་རེས་སྐོར་གསར་པའི་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་10ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ།
དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ།
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ད་ལོའི་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་བདུན་པ་དེ་རེད། ཟླ་11ཚེས་30ཉིན་ནས་ཟླ་12ཚེས་6ཉིན་བར་རྒྱལ་ཡོངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གསུམ་པ་དེའང་རེད། རྩ་ཁྲིམས་ཉིན་མོའི་སྔ་དྲོར། གསར་འགོད་པས་དར་མདོའི་མཛའ་གཞས་ཐང་ཆེན་དུ་དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཡུལ་དངོས་བློ་འདྲི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་དཀར་མཛེས་ཁུལ་གྱི་རེས་སྐོར་གསར་པའི་རྩ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད་པ་མཐོང་བྱུང་།
     བྱེད་སྒོའི་ཡུལ་དངོས་སུ། གཙོ་གཉེར་དང་སྒྲུབ་འགན་འཁུར་མཁན་ཚན་པས་ཁུལ་དང་གྲོང་ཁྱེར་སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་བཅས་ཁྱོན་ཚན་པ་30ལྷག་ཙམ་དང་མཉམ་འབྲེལ་ཐོག་མི་སྣ་མངགས་ནས་འགྲེམས་སྟེགས་འཛུགས་པ་དང་། འགྲེམས་པང་བཟོ་བ། སྦྱར་ཡིག་འགེལ་བ། བསྒྲགས་ཡིག་སྤེལ་བ་བཅས་བྱས་ནས། གྲོང་མིའི་བཅའ་ཁྲིམས་ཐད་ཀྱི་བློ་འདྲི་དང་ལེན་བྱས་པ་དང་། རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་གཙོ་བོར་བཟུང་སྟེ་སྡེ་ཚན་ཁག་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། དུག་འགོག་དང་། གློག་འཕྲིན་ཁ་བསླུས་སྔོན་འགོག  ནག་སེལ་གཤེད་བཅོམ། ཁང་པ་ཉོ་ཚོང་སྒྲུབ་གཉེར། གནས་ཐང་འཕར་ཁྲལ་གཅོག་པ། ཞིང་ཆེན་དང་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་ཡིག་སོགས་ལས་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ནང་དོན་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་རེད།
     “ལོ་རབས་60རྗེས་སྐྱེས་པའི”དར་མདོའི་གྲོང་མི་ཀྲང་ཀྲི་ཆང་གིས“ད་ལོའི་རྩ་ཁྲིམས་ཉིན་མོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་དེ་སྔའི་རྒྱུན་གཏན་གྱི་དྲིལ་བསྒྲགས་བྱེད་སྟངས་ཕུད། ཁོངས་མིའི་ཚན་པ་ཁག་གིས་ད་དུང་རང་སོ་སོའི་ལས་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཚང་མར་ཞབས་འདེགས་ཞུ་བ་དང་། ཁྲིམས་སྐྱོང་འགེལ་རིས་དང་། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཁུག་མ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་གཞི་སྣ་ཚོགས་བཅས་གང་དགོས་ཚང་མ་འདུག ཐང་ཆེན་ཐོག་གི་གྲུབ་འབྲས་འགྲེམས་པང་ཐོག་རང་རེའི་ཁུལ་གྱི་ལོ་དེ་དག་གི‘ལོ་ལྔ་ཚན་བདུན་པའི’ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད་པས་བལྟས་པ་ཙམ་གྱིས་རྟོགས་ཐུབ།” དེ་ལྟར་མང་ཚོགས་དང་ཉེ་བཅར་བྱེད་པའི་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དེས་ཚང་མའི་རྩ་ཁྲིམས་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་བ་མ་ཟད། ད་དུང་མང་ཚོགས་ཀྱི་སྒྲིག་བཀུར་ཁྲིམས་སྲུང་གི་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་ཐུབ་རྒྱུ་རེད་ཅེས་བརྗོད།
     ཁྲེན་ཕིང་གིས་གསར་འགོད་པར། ཡུལ་དངོས་སུ་འགྲེམས་སྟེགས་མི་ཉུང་བས་ད་དུང་རབ་བཏགས་རི་མོས་ཁྲིམས་འགྲེལ་ཐབས་དང་། འཁྱུག་དབྱངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་བྱེད་པ། དྲ་ཐོག་དྲིས་ལན་བཅས་མཁོ་འདོན་བྱེད་ཀྱི་ཡོད་པས་ཁྱད་ཆོས་ལྡན་ལ་ཧ་ཅང་སྤྲོ་སྣང་ལྡན། རང་ཉིད་ཀྱང་དེའི་ནང་དུ་ཞུགས་པས། གཉེན་སྒྲིག་ཁྱིམ་ཚང་དང་ས་ཆ་བསྡུ་ལེན་དང་བཤིག་སྤོ། ངལ་རྩོལ་རྩོད་གླེང་བཅས་ཐད་ཀྱི་བཅའ་ཁྲིམས་ཤེས་བྱ་ཤེས་རྟོགས་བྱུང་བ་མ་ཟད། ད་དུང་དྲི་བར་ལན་འདེབས་པར་བརྟེན་ནས་པང་ཁེབས་དང་། ཆར་གདུགས། ཤོག་བུ་སོགས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དངོས་རྫས་ཐོབ་བྱུང་། བྱེད་སྒོ་འདི་ལྟ་བུ་ཧ་ཅང་ཡག་པོ་འདུག་ཅེས་བརྗོད་བྱུང་།
     ཁུལ་ཨུད་ཀྱིས་ཁྲིམས་ལྟར་ཁུལ་སྐྱོང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས“གོམ་སྟབས་རྗེས་མར། ང་ཚོས་ཁྱབ་སྤེལ་བྱེད་ཐབས་སྣ་ཚོགས་གཅིག་གྱུར་འཆར་འགོད་ཀྱིས་སྤྱད་དེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ‘རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར’གྱི་བྱེད་སྒོ་སྒྲིག་འཛུགས་ཤུགས་ཆེན་བྱས་ཏེ། རྩ་ཁྲིམས་དེ་ཁུལ་ཡོངས་ཀྱི་ལས་བྱེད་ལས་བཟོའི་རྒྱུན་གཏན་འཚོ་བའི་ནང་ཁྱབ་པ་དང་ཞིང་འབྲོག་མང་ཚོགས་དང་ཉེ་བར་བཅར་ནས་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།” བྱེད་སྒོ་སྤེལ་ཡུལ་དུ་སྤྲད་པའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ལག་དེབ་དང་དེ་བཞིན་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་གཞི་རྟེན་བྱས་པའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དངོས་རྫས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཆེ་རུ་བཏང་བས། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་དགའ་བསུ་དང་དགའ་མོས་ཆེན་པོ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832380.html)