འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་10ཉིན།

༄༅།།རང་རྒྱལ་གྱིས་འགུག་ཤུགས་རླབས་ཤུགས་ནུས་ཆེའི་གློག་རླབས་ལྟོས་གཟུགས་ཉིན་གང་བཤེར་འཇལ་
ཆས་སྲུང་སྐར་འཕེན་གཏོང་ལེགས་འགྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་10ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱིས་འགུག་ཤུགས་རླབས་ཤུགས་ནུས་ཆེའི་གློག་རླབས་ལྟོས་གཟུགས་ཉིན་གང་བཤེར་འཇལ་
ཆས་སྲུང་སྐར་འཕེན་གཏོང་ལེགས་འགྲུབ་བྱུང་བ།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན་གྱི་ཆུ་ཚོད་4དང་སྐར་མ་14ཐོག རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོང་ཨང་རྟགས་བཅུ་གཅིག་པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་ནས། “འཕུར་མདའ་གཅིག་གིས་སྲུང་སྐར་ཆ་གཅིག་འདྲེན་”ཐབས་ཀྱིས་འགུག་ཤུགས་རླབས་ཤུགས་ནུས་ཆེའི་གློག་རླབས་ལྟོས་གཟུགས་ཉིན་གང་བཤེར་འཇལ་ཆས་སྲུང་སྐར་དེ་སྔོན་བཀོད་འཁོར་ལམ་དུ་བསྐྱལ་བས་འཕེན་གཏོང་ལེགས་འགྲུབ་བྱུང་བ་རེད།
    འགུག་ཤུགས་རླབས་ཤུགས་ནུས་ཆེའི་གློག་རླབས་ལྟོས་གཟུགས་ཉིན་གང་བཤེར་འཇལ་ཆས་སྲུང་སྐར་ནི་ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་གི་འཐབ་ཇུས་རང་བཞིན་གྱི་སྔོན་ཁྲིད་ཚན་རྩལ་ཆེད་དོན་བར་སྟོང་ཚན་རིག(སྐབས་གཉིས་པ)བཀོད་སྒྲིག་ཡིན་ཞིང་། སྲུང་སྐར་ཆུང་ཆུང་2སྤྱི་སྦྲེལ་འཁོར་ལམ་གྱི་སྐར་ཚོམ་ལ་བཀོད་སྒྲིག་བྱས་ཏེ་འགུག་ཤུགས་རླབས་ཅ་མཱ་ཤུགས་དང་། མགྱོགས་མྱུར་གློག་གཏོང་ཤུགས་ནུས་ཆེའི་ཁྱབ་འགྱེད་དང་། དམིགས་བསལ་ཅ་མཱ་ཤུགས་དང་ཁབ་ལེན་སྐར་མའི་ཤུགས་ཐོལ་གྱིས་ལངས་པ་སོགས་ནུས་ཆེའི་གནམ་གཟུགས་འབར་གས་སྣང་ཚུལ་ལ་ཉིན་གང་བཤེར་འཇལ་བྱེད་པ་དང་། བར་རྡུལ་སྐར་མ་དང་ནག་ཁུང་སོགས་ཚགས་དམ་པའི་གནམ་གཟུགས་དང་དེ་དག་མཉམ་བསྲེས་བརྒྱུད་རིམ་ལ་ཞིབ་འཇུག་བྱེད་རྒྱུ་རེད། གཞན་ཡང་། སྲུང་སྐར་གྱིས་ཉི་མའི་འོད་འཚེར་ཐིག་དང་སའི་གོ་ལའི་ཅ་མཱ་འཁྱུག་དང་སའི་གོ་ལའི་གློག་རྡུལ་ཆུན་པོ་སོགས་བར་སྟོང་གི་ནུས་ཆེའི་ཁྱབ་འགྱེད་སྣང་ཚུལ་ལ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞིང་། དེའི་དངོས་ལུགས་ལམ་སྲོལ་ལ་ཞིབ་འཇུག་སྔར་ལས་ལྷག་པར་བྱེད་ཆེད་ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་འདོན་སྤྲོད་བྱ་རྒྱུ་རེད།
   འགུག་ཤུགས་རླབས་ཤུགས་ནུས་ཆེའི་གློག་རླབས་ལྟོས་གཟུགས་ཉིན་གང་བཤེར་འཇལ་ཆས་སྲུང་སྐར་ལས་གྲྭའི་ལས་འགན་ནི་ཀྲུང་གོ་ཚན་རིག་ཁང་གིས་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་བ་དང་། རྒྱལ་ཁབ་བར་སྟོང་ཚན་རིག་ལྟེ་གནས་ཀྱིས་ལས་གྲྭའི་སྤྱི་ཁོག་ཆེན་པོ་དང་ས་ངོས་འདེགས་སྐྱོར་མ་ལག་ཞིབ་འཇུག་བཟོ་སྐྲུན་དང་འཛུགས་སྐྲུན་བྱེད་འགན་འཁུར་བ། འཁོར་སྐར་ཆུང་བའི་གསར་གཏོད་ཞིབ་འཇུག་ཁང་གིས་འཁོར་སྐར་མ་ལག་ཞིབ་འཇུག་བཟོ་སྐྲུན་བྱེད་འགན་འཁུར་བ། ནུས་ཆེའི་དངོས་ལུགས་ཞིབ་འཇུག་ཁང་ནི་ཚན་རིག་དང་མཐུན་པའི་ལས་འགན་གྱི་དམིགས་འབེན་འདོན་མཁན་སྡེ་ཚན་ཡིན་པ་མ་ཟད། སྲུང་སྐར་གྱི་ནུས་ལྡན་ཐེག་ཁུར་དང་ཚན་རིག་དང་མཐུན་པའི་ཉེར་སྤྱོད་མ་ལག་ཞིབ་འཇུག་བཟོ་སྐྲུན་བྱེད་པའི་འགན་འཁུར་བ། མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་གིས་ཚན་རིག་དང་མཐུན་པའི་གྲངས་གཞི་ས་ངོས་བསྡུ་ལེན་བྱེད་འགན་འཁུར་བ་བཅས་བྱེད་ཀྱི་ཡོད། ད་ཐེངས་འཕེན་གཏོང་ལ་སྤྱད་པའི་རྒྱང་སྐྱོད་ཨང་བཅུ་གཅིག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་ཞིབ་བཟོ་ཐོན་སྐྱེད་བྱས་པ་ཞིག་རེད། ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རིམ་སྤེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་ཐེངས་355པ་དེ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832352.html)
༄༅།།རང་རྒྱལ་གྱིས་འགུག་ཤུགས་རླབས་ཤུགས་ནུས་ཆེའི་གློག་རླབས་ལྟོས་གཟུགས་ཉིན་གང་བཤེར་འཇལ་
ཆས་སྲུང་སྐར་འཕེན་གཏོང་ལེགས་འགྲུབ་བྱུང་བ།