འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་8ཉིན།

༄༅།།ཁྲེན་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཞིབ་བཤེར་འཕུར་སྐྱོད་ལས་དོན་ཚང་མ་ལེགས་
གྲུབ་བྱུང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་08ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲེན་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཞིབ་བཤེར་འཕུར་སྐྱོད་ལས་དོན་ཚང་མ་ལེགས་
གྲུབ་བྱུང་།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན། ཀྲུང་གོའི་དམངས་སྤྱོད་གནམ་གྲུ་ལྷོ་ནུབ་ས་ཁུལ་མཁའ་དབྱིངས་འགྲིམ་འགྲུལ་དོ་དམ་ཅུས(གཤམ་དུ་ལྷོ་ནུབ་མཁའ་དམ་ཅུས་ཞེས་བསྡུས་རྒྱུ་ཡིན)ཀྱིས་ཚེས་6ཉིན་ཕྱིར་བཤད་དོན། ཐོ་འགོད་ཨང་གྲངས་B-10VCཡི་“བྱ་དགའི་ལག་ཁྱེར”560རྟགས་ཅན་གྱི་གནམ་གྲུ་ཚེས་5ཉིན་གྱི་ཆུ་ཚོད་15དང་སྐར་མ་55ཐོག་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་དུ་བརྟན་པོའི་ངང་བབས་པ་དང་བསྟུན། ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་ཐོག་དོ་དམ་སྒྲིག་ཆས་དང་མཁའ་འགྲུལ་གཞོགས་འདེགས་སྒྲིག་བཀོད་སོགས་ཞིབ་བཤེར་འཕུར་སྐྱོད་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་བ་མཚོན་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་བཤེར་འཕུར་སྐྱོད་ཉིན་33བསྟུད་མར་རྒྱུན་མཐུད་བྱས་པ་དང་འཕུར་སྐྱོད་ཐེངས་57བྱས་པ་རེད། བར་སྣང་དུ་འཕུར་སྐྱོད་བྱེད་པའི་དུས་ཚོད་ཁྱོན་ཆུ་ཚོད་148དང་སྐར་མ་38ཟིན་པ་དང་། ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་བརྟག་དཔྱད་ཡོ་ཆས་ས་ཐོག་ཏུ་འབབ་པའི་མ་ལག་4དང་། ཐེན་ཧྥུའུ་གནམ་གྲུ་ཐང་གིས་བར་སྣང་དུ་འཕུར་སྐྱོད་བྱེད་པའི་ཚད་ཧ་ཅང་མཐོ་བའི(VHF)མཉམ་སྤྱོད་མ་ལག་དང་། གྲབས་སྤྱོད་རང་འགུལ་ཅན་དང་འདུས་གྲུབ་ལྕོག་སྟེགས་མ་ལག གནམ་གྲུ་ཐང་གི་སྐྱོད་བྲལ་འཕུར་སྐྱོད་གོ་རིམ་ཁག46ཝུའུ་ཧྥུང་ཤིས་ཕྱོགས་སྟོན་སྟེགས་བུ་བཅས་ཀྱི་ཐོན་སྐྱེད་བྱེད་འགོ་ཚུགས་པའི་འཕུར་སྐྱོད་ཞུ་དག་ཞིབ་བཤེར་ལེགས་འགྲུབ་བྱུང་ཡོད་ཅིང་། ཁྱོན་དག་བཤེར་ཚན་པ་བརྒྱ་ལྷག་ཙམ་འཕུར་སྐྱོད་བྱས་ཡོད། ཞིབ་བཤེར་འཕུར་སྐྱོད་བྱས་འབྲས་ལས་མངོན་པ་ལྟར་ན། ཁྲེང་ཏུའུ་ཐན་ཧྥུའུ་གནམ་གྲུ་ཐང་གི་ཞིབ་བཤེར་འཕུར་སྐྱོད་སློབ་ཚན་ཚང་མ་ཚད་ལོན་ཡོད་པ་རེད།
   ད་ཐེངས་ཀྱི་ཞིབ་བཤེར་འཕུར་སྐྱོད་ལས་དོན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་ཆེད། ལྷོ་ནུབ་མཁའ་དམ་ཅུས་ཀྱིས་ཤོག་ངོས་150ལྷག་ཙམ་གྱི་ཞིབ་བཤེར་འཕུར་སྐྱོད་ལག་དེབ་བཟོས་ནས། ཞིབ་བཤེར་འཕུར་སྐྱོད་ལས་དོན་ལ་དོ་དམ་ཞིབ་ཚགས་བྱས་པ་དང་། རྩིས་སྤྲོད་དོ་དམ་དང་། འཕྲིན་གཏོང་། ཕྱོགས་སྟོན། ལྟ་ཞིབ། གནམ་གཤིས་བརྟག་དཔྱད་སོགས་ཆེད་ལས་ཀྱི་རིགས་གཅིག་མཁས་པ་མངགས་ནས། འབྲེལ་ཡོད་གནམ་གྲུ་ཐང་གི་བཅའ་སྡོད་ཚན་པ་དང་ཞིབ་བཤེར་འཕུར་སྐྱོད་གནམ་གྲུ་ཚོགས་ཆུང་དང་མཉམ་དུ་ཞིབ་བཤེར་འཕུར་སྐྱོད་ཀྱི་གྲ་སྒྲིག་ཚོགས་འདུ་འཚོགས་པར་རོགས་རམ་བྱས་པ་དང་། ཉིན་གཉིས་པའིཞིབ་བཤེར་འཕུར་སྐྱོད་འཆར་གཞི་ཞིབ་འཇུག་ཞིབ་ཕྲ་བྱས་པ་མ་ཟད། གནམ་གཤིས་ཆ་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་དུས་ཐོག་ཏུ་ཞིབ་བཤེར་འཕུར་སྐྱོད་ཇུས་གཞི་ལེགས་སྒྲིག་བྱས་ཡོད། ཞིབ་བཤེར་འཕུར་སྐྱོད་བྱེད་རིང་། མཁའ་ཐོག་དང་ས་སྟེང་གཞོགས་འདེགས་དམ་ཟབ་བྱས་ནས་ཞིབ་བཤེར་འཕུར་སྐྱོད་སློབ་ཚན་ཚང་མ་ནུས་ཆེའི་ངང་ལེགས་འགྲུབ་བྱས་ཡོད།
    གཞན་ཡང་། ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ཞིབ་བཤེར་འཕུར་སྐྱོད་ཀྱི་འབྲེལ་ཡོད་འགན་ལེན་ལས་དོན་ཧུར་ཐག་དང་མཐུན་སྦྱོར་ངང་ཡག་པོ་བསྒྲུབས་ཡོད། དེའི་རིང་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྡེ་ཁག་9ཡི་མི་400ལྷག་ཙམ་འགན་སྲུང་ལས་དོན་ནང་ཞུགས་ཡོད་ཅིང་། འགན་སྲུང་སྡེ་ཁག་སོ་སོས་འབྲེལ་ཡོད་བླང་བྱ་དང་སྔོན་བཀོད་འཆར་གཞི་ལྟར། ལམ་ངོས་ཀྱི་སྐོར་ཞིབ་དང་། བདེ་འཇགས་སྔོན་འགོག་ཚོད་འཛིན། དེ་བཞིན་འཕྲལ་བསྟུན་འགན་ལེན་སོགས་ཀྱི་ལས་དོན་དོན་འཁྱོལ་ནན་པོ་བྱས་ནས་ཞིབ་བཤེར་འཕུར་སྐྱོད་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཞིབ་བཤེར་འཕུར་སྐྱོད་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་བསྟུན། ཚོད་འཕུར་ལས་དོན་ཡང་ཉིན་རེའི་གྲོས་རིམ་ནང་བཅུག་ནས་སྐབས་དེ་དུས་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུའི་འཕུར་སྐྱོད་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832070.html)
༄༅།།ཁྲེན་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཞིབ་བཤེར་འཕུར་སྐྱོད་ལས་དོན་ཚང་མ་ལེགས་
གྲུབ་བྱུང་།