འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་7ཉིན།

༄༅།།གཙོ་གནད་གྲོང་ཁྱེར་46གི་འཚོ་བའི་གད་སྙིགས་རིགས་དབྱེ་ལས་དོན་གྲོང་མིའི་ཁུལ་ཆུང་དུ་ཁྱབ་
ཚད་86.6%ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་07ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་4ཉིན། སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཉེ་དུས་སྡེ་ཚན་12ཀྱིས་མཉམ་དུ་བཀྲམ་པའི《འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ངོ་སྤྲོད་བྱས་པ་རེད། 《བསམ་འཆར》ནང་སླར་ཡང་ལོ་5ཙམ་སྤྱད་ནས་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དུ་ས་བབ་དང་བསྟུན་ནས་འཚོ་བའི་གད་སྙིགས་རིགས་དབྱེའི་མ་ལག་གཞི་རྩའི་བསྐྲུན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། མིག་སྔར་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་པའི་གཙོ་གནད་གྲོང་ཁྱེར་46ཡོད་པ་དེ་དག་གི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་གྲོང་མིའི་ཁུལ་ཆུང་དུ་ཁྱབ་ཚད་86.6%ཟིན་གྱི་ཡོད་པ་རེད།
   སྡོད་ཁང་འཛུགས་སྐྲུན་པུའུ་གྲོང་ཁྱེར་འཛུགས་སྐྲུན་སིའི་སི་ཀྲང་གཞོན་པ་ལིའུ་ལི་ཧྥུང་གིས《བསམ་འཆར》གཞིར་བཟུང་། ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། གད་སྙིགས་རིགས་དབྱེའི་ཁག་དང་པོའི་ཚོད་ལྟའི་གྲོང་ཁྱེར་སོགས་གཙོ་གནད་གྲོང་ཁྱེར་46ལ་2020ལོའི་ལོ་མཇུག་ཏུ་འཚོ་བའི་གད་སྙིགས་རིགས་དབྱེ་ནས་འཇོག་པ་དང་རིགས་དབྱེ་ནས་བསྡུ་བའི་ལས་དོན་སྤྱིར་ན་ཕྱོགས་ཡོངས་ལ་ཁྱབ་པ་དང་། རིགས་དབྱེའི་སྐྱེལ་འདྲེན་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ། རིགས་དབྱེའི་ཐག་གཅོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།