འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་6ཉིན།

༄༅༎བོད་ལྗོངས་ལྷོ་ཁའི་མང་ཚོགས་དབུལ་པོ་སྡོད་ཁང་གསར་པར་སྤོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་05ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་སྒ་གདོང་མཐུན་སྒྲིལ་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཡིན་པ།
འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་སྒ་གདོང་མཐུན་སྒྲིལ་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཡིན་པ།
     ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ས་བབ་མཐོ་ཁུལ་གྱི་མང་ཚོགས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལག་བསྟར་ཤུགས་ཆེན་བྱས་ཏེ་དུད་ཚང་དབུལ་པོའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་བཏང་བ་མ་ཟད། རྗེས་མཐུད་རོགས་སྐྱོར་ལས་དོན་ཧུར་ཐག་བསྒྲུབས་ཏེ་གནས་སྤོས་མང་ཚོགས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱས་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྤེལ་ཚུན་མང་ཚོགས་དབུལ་པོའི་ལས་ཞུགས་ཀྱི་གནད་དོན་ལ་དམིགས་ནས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས“དུད་ཚང་གཅིག་ལ་ལས་གནས་གཅིག”གི་ལས་ཞུགས་དེ་དབུལ་སྐྱོར་གྱི་དམ་འཛིན་བྱ་གཞིར་བརྩིས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་བ། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ། དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་བ་བཅས་བྱས་པ་རེད། ཟླ་11ཚེས་30ཉིན་བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མང་ཚོགས་8125ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཡོད།
འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་སྒ་གདོང་མཐུན་སྒྲིལ་གྲོང་གསར་གྱི་ཡུལ་གཞན་གྱི་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་བོད་ལྗོངས་ལྷོ་ཁ་གློག་གཏོང་ཀུང་སིའི་ལས་དོན་པ་དང་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིའི་བོད་སྐྱོར་ལག་རྩལ་མི་སྣས་ས་བབ་སྨི་4300ལྷག་ནས་གནས་སྤོས་བྱས་པའི་མང་ཚོགས་ལ་གློག་སྤྱོད་ཡོ་ཆས་བརྟག་དཔྱད་བྱེད་བཞིན་པ།