འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་5ཉིན།

༄༅༎ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཀྱིས་ཟླ་བའི་གོ་ལ་ནས་མ་དཔེ་ལེན་པ་དང་ཐུམ་སྒྲིལ་རྒྱག་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་04ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་12ཚེས་2ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་བླངས་པའི་ཟླ་བའི་གོ་ལར་བབས་རྗེས་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཡིན་པ།
ཟླ་12ཚེས་2ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་བླངས་པའི་ཟླ་བའི་གོ་ལར་བབས་རྗེས་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཡིན་པ།
     ཟླ་12ཚེས་1ཉིན་གྱི་ཆུ་ཚོད་23དང་སྐར་མ་11ལ་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཟླ་བའི་གོ་ལའི་མདུན་ངོས་ཀྱི་སྔོན་འདེམས་འབབ་ཁུལ་དུ་བདེ་བླག་ངང་བབས་ཡོད། གོམ་སྟབས་རྗེས་མར་ད་རེས་ལས་འགན་གྱི་འགག་རྩའི་ལྷུ་ཚིགས་ཀྱི་གྲས་ཏེ། ཟླ་བའི་གོ་ལའི་རྒྱབ་ཕྱོགས་ནས་རང་འགུལ་ངང་མ་དཔེ་བླངས་ནས་ཐུམ་སྒྲིལ་རྒྱག་རྒྱུ་ཡིན་ཞིང་། ཚང་མས་དེར་ཀུ་རེའི་ཚུལ་དུ“ས་སྔོག་པའི”ལས་འགན་ཞེས་འབོད་ཀྱི་ཡོད།
     རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་གནས་ཚུལ་གསར་ཤོས་འབྱོར་བ་ལྟར་ན། ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཟླ་བའི་གོ་ལའི་མདུན་ཕྱོགས་སུ་བབས་རྗེས་ཉི་མའི་གཤོག་ཟུང་རྐྱོང་བ་དང་གྲུབ་ཆའི་སྒོ་ལྕགས་འབྱེད་པ་སོགས་ཀྱི་འབྲེལ་ཡོད་གྲ་སྒྲིག་ལས་དོན་བསྒྲུབས་ཡོད། ཟླ་12ཚེས་2ཉིན་གྱི་ཆུ་ཚོད་4དང་སྐར་མ་53ཙམ་ལ་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ས་འབབ་ཡོ་བྱད་དང་དགུང་འཕུར་ཡོ་བྱད་ཀྱི་སྡེབ་སྒྲིག་ཕུང་པོས་ཟླ་བའི་གོ་ལ་ནས་མ་དཔེ་ལེན་པ་དང་ཐུམ་སྒྲིལ་བརྒྱབ་ཡོད།
     ལས་འགན་གྱི་འཆར་འགོད་ལྟར་ན། ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཟླ་བའི་གོ་ལར་བབས་རྗེས་ཟླ་བའི་གོ་ལའི་མདུན་ཕྱོགས་ནས་མ་དཔེ་ལེན་པའི་ལས་ཀ་ཆུ་ཚོད་48བྱ་རྒྱུ་དང་། དེ་རྗེས་སའི་གོ་ལར་ལོག་པའི་ཚོད་བགམ་ཆེ་མོ་དང་པོ་སྟེ། ཟླ་བའི་གོ་ལའི་མདུན་ཕྱོགས་ནས་དགུང་ལ་འཕུར་རྒྱུ་དེ་ཡིན་པ་རེད། ང་ཚོས་མཉམ་དུ་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་ཕྱིར་ལོག་པའི་ལམ་བུར་གེགས་མེད་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
     གསར་འགོད་པར་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་12ཚེས་1ཉིན་གྱི་ཆུ་ཚོད་23དང་སྐར་མ་11ཙམ་ལ་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཟླ་བའི་གོ་ལའི་མདུན་ཕྱོགས་ཀྱི་ནུབ་ཀྱི་གཞུང་ཐིག་ཏུའུ་51.8དང་བྱང་གི་འཕྲེད་ཐིགཏུའུ་43.1ཉེ་འགྲམ་གྱི་སྔོན་འདེམས་འབབ་ཁུལ་དུ་བདེ་བླག་ངང་བབས་པ་མ་ཟད། དེ་གར་བབས་པའི་བརྙན་རིས་བསྐུར་ཡོད།