འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་2ཉིན།

༄༅༎སི་ཁྲོན་ཞིང་ཆེན་རྔ་བ་བཙོན་ཁང་ཏང་ཨུད་ཀྱི་ཨུ་ཡོན། བཙོན་ཁང་གི་འགོ་འཛིན་གཞོན་པ་
པའེ་ཐིང་ལིས་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་02ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་སྒྲིག་ཨུད་ཀྱིས་གཞུང་ཕྱོགས་པོད་ཕྲན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་ཞིང་ཆེན་རྔ་བ་བཙོན་ཁང་ཏང་ཨུད་ཀྱི་ཨུ་ཡོན། བཙོན་ཁང་གི་འགོ་འཛིན་གཞོན་པ་པའེ་ཐིང་ལི་ལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་སི་ཁྲོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་དམིགས་འཛུགས་དོ་དམ་བྱས་པ་བརྒྱུད། མིག་སྔར་ཏེ་དབྱང་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད།
     པའེ་ཐིང་ལིའི་ལོ་རྒྱུས་མདོར་བསྡུས།
     པའེ་ཐིང་ལི། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་11པར་སྐྱེས། སི་ཁྲོན་ཙི་ཐུང་གི་མི་ཡིན། ལས་ཐོག་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ཡོད། 1981ལོའི་ཟླ་12པར་ལས་ཀར་ཞུགས། 1986ལོའི་ཟླ་6པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས།
     1981.12—1983.08 སི་ཁྲོན་ཞིང་ཆེན་ཏེ་དབྱང་དགུ་ལྔ་བཟོ་གྲྭའི་ལྕགས་ལས་འཁོར་ཁང་དུ་ལས་ཀ་བྱས།
     1983.08—1986.07 སི་ཁྲོན་ཞིང་ཆེན་ཏེ་དབྱང་ངལ་རྩོལ་བསྒྱུར་བཀོད་དོ་དམ་ཡན་ལག་རུ་ཁག་གི་རུ་ཆེན་གསུམ་པའི་ཡན་ལག་རུ་དཔོན་བྱས།
     1986.07—1990.02 སི་ཁྲོན་ཞིང་ཆེན་ཏེ་དབྱང་ངལ་རྩོལ་བསྒྱུར་བཀོད་དོ་དམ་ཡན་ལག་རུ་ཁག་གི་རུ་ཆེན་གསུམ་པའི་རུ་འབྲིང་དགུ་པའི་ཁྲིད་སྟོན་པ་གཞོན་པ་བྱས།
     1990.02—1991.12 སི་ཁྲོན་ཞིང་ཆེན་ཏེ་དབྱང་ངལ་རྩོལ་བསྒྱུར་བཀོད་དོ་དམ་ཡན་ལག་རུ་ཁག་གི་རུ་ཆེན་གསུམ་པའི་རུ་འབྲིང་བརྒྱད་པའི་ཁྲིད་སྟོན་པ་བྱས།
     1991.12—1995.02 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་རུ་ཆེན་བཞི་པའི་སློབ་སྟོན་པ་གཞོན་པ་བྱས།
     1995.02—1996.01 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་རུ་ཆེན་བཞི་པའི་རུ་དཔོན་གཞོན་པ་བྱས།
     1996.01—1997.02 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་ལུགས་རྒྱག་འཁོར་ཁང་གི་ཀྲུའུ་རེན་བྱས།
     1997.02—1998.07 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་སྨན་ཁང་གི་སློབ་སྟོན་པ་བྱས།
     1998.07—2001.08 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་བཙོན་ཁུལ་བདུན་པའི་འགོ་འཛིན་གཞོན་པ་དང་། བཙོན་ཁུལ་ལྔ་པའི་འགོ་འཛིན་གཞོན་པ་བྱས།
     2001.08—2003.07 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་བཙོན་ཁུལ་བདུན་པའི་སློབ་སྟོན་པ་བྱས།
     2003.07—2004.12 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་བཙོན་ཁུལ་བདུན་པའི་སློབ་སྟོན་པ་དང་། བཙོན་ཁུལ་ཡན་ལག་གསུམ་པའི་འགོ་འཛིན་བྱས།
     2004.12—2005.12 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་བཙོན་ཁུལ་བདུན་པའི་འགོ་འཛིན་བྱས།
     2005.12—2006.01 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་བཙོན་ཁུལ་བརྒྱད་པའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་བཙོན་ཁུལ་གྱི་འགོ་འཛིན་བྱས།
     2006.01—2007.03 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་བཙོན་ཁུལ་བདུན་པའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་བཙོན་ཁུལ་གྱི་འགོ་འཛིན་བྱས།
     2007.03—2008.02 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་བཙོན་ཁུལ་བརྒྱད་པའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས།
     2008.02—2008.12 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱས།
     2008.12—2010.01 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན། བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱས།
     2010.01—2017.11 སི་ཁྲོན་ཞིང་ཆེན་ཏེ་དབྱང་བཙོན་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན། བཙོན་ཁང་གི་འགོ་འཛིན་གཞོན་པ་བྱས།
     2017.11ནས་ད་བར་སི་ཁྲོན་ཞིང་ཆེན་རྔ་བ་བཙོན་ཁང་ཏང་ཨུད་ཀྱི་ཨུ་ཡོན། བཙོན་ཁང་གི་འགོ་འཛིན་གཞོན་པ་བྱས། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831483.html)